国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年09月18日

ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི་ཚོགས་འདུ(རྒྱ་ཆེ)གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9པའི་ཚེས16ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི་ཚོགས་འདུ(རྒྱ་ཆེ)གཙོ་སྐྱོང་གནང་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་ངང་སློབ་སྦྱོང་དང་ལག་བསྟར་བྱས་པ་མ་ཟད། གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའུ་ཡི་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་ཚུལ་ལ་ཕྱོགས་ཡོངས་ནས་ཕྱོགས་བསྡོམས་ཀྱང་བྱས་ཡོད་པ་རེད།

ཚོགས་འདུ་ཡིས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་སྤེལ་ཚུན། གྲོང་ཁྱེར་སྲིད་གཞུང་ཏང་ཙུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པས་ཁྲིད་སྟོན་དུ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ནན་ནན་ཏན་ཏན་དང་ཏན་ཏན་ཏིག་ཏིག་གསུམ”གྱི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ།“ཏང་འཛུགས་སྤྱི་ཕན་དང་། དམངས་ལ་བདེ་རྩ་སྐྲུན་པ། ཚན་རིག་དང་མཐུན་པའི་འཐབ་ཇུས་འགོད་པ། དངོས་འཛིན་དངོས་སྒྲུབ”བཅས་ཀྱི་སྤྱིའི་བླང་བྱ་དམ་པོར་དམིགས་པ། སྦྱོང་བཤེར་བཅོས་གསུམ་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ་གོང་རིམ་གྱིས་འོག་རིམ་ལ་སྣེ་ཁྲིད་དེ་གྲོང་ཁྱེར་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་ཡོད་ཞེས་བསྟན།

ཚོགས་འདུ་ཡིས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུ་དེ་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པའི་ཆབ་སྲིད་ཀྱི་བླང་བྱ་དང་། བསམ་བློའི་བླང་བྱ། ལག་ལེན་གྱི་བླང་བྱ་བཅས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། སློབ་གསོའི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་།“འགྱུར་བ་གསུམ”གྱི་སྤྱིའི་ངེས་གནས་གཞི་རྩ་འཛིན་པ། “མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་བཏང་སྟེ། དངོས་སྒྲུབ་ཀྱི་གྲུབ་འབྲས་དང་སྤྱོད་ཚུལ་བཟང་པོར་བརྟེན་ནས“ལྔ་ལྡན་ཆབ་མདོ”ཧུར་ཐག་གཏོད་དགོས། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུ་དཀྱུས་གཅིག་ཏུ་ཆེ་རུ་གཏོང་དགོས་ཤིང་། རྒྱུན་རྣམ་ཅན་གྱིས་གཅིག་སྡུད་སློབ་སྦྱོང་དང་། ཆེད་དོན་ཞིབ་འཇུག་བགྲོ་གླེང་། ཉེན་ཟོན་སློབ་གསོ་བཅས་ལ་དམ་འཛིན་བྱས་ཏེ། བསམ་བློའི་སྦྱོང་བརྡར་དང་། ཆབ་སྲིད་ཀྱི་སྦྱོང་བརྡར། ལག་ལེན་གྱི་སྦྱོང་བརྡར། སྤྱོད་ཚུལ་གྱི་སྦྱོང་བརྡར་བཅས་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། རྒྱུན་རྣམ་དང་ཡུན་ཕན་གྱིས་དག་ཐེར་བཅོས་སྒྲིག་དང་རྒྱུན་རྣམ་ཅན་གྱིས་ཕྱིར་མིག་བལྟ་བ་དང་། ཟུར་བསྟན་ལེབ་མཐོང་། རྩ་ལག་ཟུང་བཅོས་བཅས་བྱས་ཏེ། གནད་དོན་དག་ཐེར་གཙང་སེལ་ཐུབ་པར་སྐུལ་འདེད་གཏོང་དགོས། སློབ་སྦྱོང་གི་གྲུབ་འབྲས་ལེགས་སུ་གཏོང་བར་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། གྲུབ་འབྲས་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དམངས་འཚོར་ཕན་བདེ་སྐྲུན་པ། རྨང་གཞི་འདིང་བ། ཕུགས་ལ་ཕན་པ་བཅས་ཀྱི་ཐོག་ནས་མངོན་པར་བྱས་ཏེ། སེམས་ནུས་ཡོད་རྒུས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ནས། སློབ་གསོའི་གྲུབ་འབྲས་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་གནས་པ་དང་མུ་མཐུད་སྲ་བརྟན་ཡོང་བར་འགན་ལེན་བྱེད་དགོས་ཞེས་པའི་ནན་བཤད་གནང་ཡོད།