འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཏང་གི་སློབ་གྲྭས(སྲིད་འཛིན་སློབ་གླིང)2026ལོའི་སྟོན་ཁའི་སློབ་དུས་ཀྱི་གཙོ་དོན་འཛིན་གྲྭར“སློབ་འགོ་ཚུགས་པའི་སློབ་ཚན་དང་པོ”སྒྲུབ་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ལི་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།
ཀྲང་ལི་ཡིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཡུན་རིང་སྲིད་སྐྱོང་བྱེད་པའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་གང་འདྲ་ཞིག་འཛུགས་སྐྱོང་བྱ་རྒྱུ་དང་། ཡུན་རིང་སྲིད་སྐྱོང་བྱེད་པའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་ཇི་ལྟར་འཛུགས་རྒྱུའི་དུས་རབས་ཀྱི་བརྗོད་གཞི་གལ་ཆེན་ལ་དམིགས་ཏེ། འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་པས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་གྲུབ་པ་དེས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་ནན་ཏན་བྱེད་པ་དང་། དེའི་ནང་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་དང་དེའི་ནང་བསྡུས་པའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་ཚུལ། བྱ་ཐབས་བཅས་ཁོང་དུ་ཧུར་ཐག་ཆུད་པར་བྱས་ཏེ། དེ་འདྲ་ཡིན་པ་ཤེས་ལ་དེ་འདྲ་ཡིན་ལུགས་ཀྱང་ཤེས་དགོས་ཞེས་བསྟན། ཀྲང་ལི་ཡིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སློབ་སྦྱོང་གྲུབ་འབྲས་དེ་རང་འགན་གཙང་སྒྲུབ་བྱེད་པའི་འགན་འཁྲི་འཁུར་བར་སྒྱུར་བ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ཐོག་ནས“དོན་ཆེན་བཞི”“འཛུགས་གཏོད་བཞི”དེ་ཉིད་ཆབ་མདོར་རྩ་བ་ཚུགས་པ་དང་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་དགོས། བརྟན་ལྷིང་སྲུང་སྐྱོབ་བྱ་རྒྱུ་ལས་དོན་གྱི་འགན་འཁྲི་ཨང་དང་པོར་བརྩིས་ཏེ། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་བྱེད་པ་དང་། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་མཐུན་སྒྲིལ་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་རྣམ་པ་སྲ་བརྟན་དུ་གཏོང་རྒྱུ་ཤུགས་རྒྱག་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱེད་པ། ཁྲོམ་ར་དང་སྒྱུར་བཅོས། སྒོ་དབྱེ། ཁྲིམས་སྐྱོང་། མཐའ་ཚད་བཅས་ཀྱི་བསམ་ཕྱོགས་བྱང་ཆ་ལྡན་པའི་ངང་བཀོལ་སྤྱོད། ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་དར་སྤེལ་ཤུགས་ཆེན་བཏང་སྟེ། ཧུར་ཐག་གིས་ཐོན་སྐྱེད་ནུས་ཤུགས་གསར་མ་གསོ་སྐྱོང་བྱེད་དགོས།“རི་བོ་གཉིས”ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས། ཐཱན་ཉུང་དང་། སྦགས་འཕྲི། སྔོ་བསྐྱེད། འཕར་སྣོན་བཅས་མཉམ་སྒྲུབ་ལ་སྐུལ་སྤེལ་གཏོང་བ། སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོ་དང་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་མངའ་ཁོངས་ལྗང་སྒྱུར་གྱི་བྱེད་སྒོ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བོད་ཤར་གྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་དུ་གཏོང་དགོས། རིག་གནས་འཛུགས་སྐྱོང་ལ་དམ་འཛིན་ཏན་ཏིག་བྱེད་དགོས་པ་དང་། འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བསྟར་བ་དང་། སྤྱི་པའི་རིག་གནས་ཞབས་ཞུའི་ཆུ་ཚད་ཆེ་རུ་གཏོང་བ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོབ་བཅས་བྱས་ནས། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས། “མཐའ་མཚམས་ཆེ་མོ་དང་མཐའ་སྲུང་ཆེ་མོའི”འདུ་ཤེས་བརྟན་པོར་འཛུགས་པ་དང་། དམངས་ཕྱུག་དང་མཐའ་དར། མཐའ་བརྟན་བཅས་ཟུང་འབྲེལ་དམ་ཚགས་བྱས་ཏེ། བླ་མེད་རྩ་ཆེའི་རྒྱལ་ཁོངས་སྲུང་དགོས་པའི་ནན་བཤད་གནང་ཡོད།
ཀྲང་ལི་ཡིས་སློབ་གཉེར་བ་ཡོངས་ཀྱིས་སློབ་སྦྱོང་གི་གོ་སྐབས་བཟང་པོ་གཅེས་སྤྲས་བྱེད་པ་དང་། སྤྱིའི་བྱེད་ཕྱོགས་ནན་པོ་སློབ་སྦྱོང་དང་གསབ་སྦྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། སློབ་སྦྱོང་ཁྲོད་ནས་ཉམས་སད་ཐེག་ཐུབ་པའི་ཏང་གཤིས་ཞུན་བརྡར་དང་། དམངས་ཆེད་ཀྱི་རྩ་བ་སྐྱོང་བ། ནུས་པའི་ཆུ་ཚད་མཐོར་འདེགས་བཅས་བྱས་ནས། ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འགན་སྲུང་ནུས་ལྡན་མཁོ་འདོན་བྱེད་དགོས་ཞེས་བླང་བྱ་བཏོན་ཡོད།

