འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9ཚེས9ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་དང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་སྟོད་ཀྱི་དཔལ་འབྱོར་གནས་བབ་སྐོར་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། རང་རེའི་གྲོང་ཁྱེར་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་གསན་པ་རེད།
ཚོགས་འདུ་ཡིས་ཟླ་དང་པོ་ནས་བདུན་པའི་བར་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་ཞིང་གནོན་ཤུགས་ཡོད། རིམ་པ་ཁག་དང་ཚན་པ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དཀའ་ངལ་ལ་མཐོང་ཆེན་དང་ཡིད་ཆེས་བརྟན་དུ་གཏོང་བ། དུས་ཚིགས་གསུམ་དང་མཐའ་མའི་གདོང་མཆོང་གི་ལོ་སྨད་ལ་དམ་པོར་དམིགས་ཏེ་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ་དང་། ཞན་ཆར་དམ་པོར་དམིགས་ནས་གནད་འཕིགས་ཤུགས་སྣོན་རྒྱག་པ། དཔལ་འབྱོར་དམིགས་ཚད་ཀྱི་སྤུས་ཚད་མཐོ་རུ་དང་རིམ་པ་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་དགོས་ཞེས་བསྟན།
ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

