འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས9ཉིན། 2026ལོའི་ལོ་འཁོར་གྱི་དྲ་རྒྱའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་ཆབ་མདོར་འགོ་ཚུགས་པ་རེད།
འགོ་ཚུགས་མཛད་སྒོ་ཐོག་ཀྲུང་དབྱང་སྨྱན་སྦྱོར་དང་། རང་སྐྱོང་ལྗོངས་དེ་བཞིན་སྤུན་ཟླའི་ཞིང་ཆེན(གྲོང་ཁྱེར)གྱི་གསར་འགོད་པ། དྲ་རྒྱའི་དྲང་ནུས་པོད་བདག་སོགས་མཉམ་གཅིག་ཏུ་འཛོམས་ཡོད།
ཆབ་མདོ་གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཀྲང་རིམ་པ་དང་པོའི་སྐོར་ཞིབ་པ་བཅས་ཡིན་པའི་དངོས་གྲུབ་ཟླ་བ་ཡིས། ཆབ་མདོས་ཐོག་མཐའ་བར་གསུམ་དུ་ མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་བློ་ལ་བརྟན་པོར་འཆང་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ཁག་ལ་ཏན་ཏིག་གིས་གཏོང་དགོས། ཁོང་གིས་སྨྱན་སྦྱོར་གསར་འགོད་པ་གཞི་རིམ་དུ་ཟབ་ཞུགས་བྱས་ཏེ་སེམས་ནུས་ཡོད་རྒུས་ཆབ་མདོ་འདི་ཉིད་ཀྱིས་མི་རིགས་མཐུན་སྒྲིལ་དང་། དམངས་འཚོ་སྤུས་འདེགས། ཐོན་ལས་དར་སྤེལ་བཅས་ལས་དོན་ཁག་གི་གསོན་ཉམས་ལྡན་པའི་ལག་ལེན་དང་གྲུབ་འབྲས་གསར་པ་སྔོག་འདོན་བྱེད་པར་རེ་སྒུག་གིས་ཁེངས་ཡོད་པའི་བསམ་པ་བསྟན།

