国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年09月11日

ནག་སེལ་གཤེད་བཅོམ་གོམ་མཚམས་མི་འཇོག་པ། སྒྲོག་འགྲེལ་དྲིལ་བསྒྲགས་མི་སེམས་ཟུག་པར་བྱེད།

——སྟེང་ཆེན་རྫོང་གིས་ཚན་པ་མང་པོ་དང་མཉམ་འབྲེལ་ཐོག་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

འདི་ནི་སྟེང་ཆེན་རྫོང་གིས་སྒྲོག་འགྲེལ་ལས་དོན་ཚོགས་ཆུང་བཙུགས་ཏེ་སེར་ཚ་ཤང་དང་གྱང་སྔོན་ཤང་དུ་ཆེད་དོན་སྒྲོག་འགྲེལ་བྱེད་སྒོ་སྤེལ་བའི་ཡུལ་དངོས་ཡིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ནག་སེལ་གཤེད་བཅོམ་གཏིང་ཟབ་ཏུ་གཏོང་བའི་ཆེད་དོན་བྱ་སྤྱོད་དོན་ཐོག་ཏུ་འཁྱོལ་བར་ཏན་ཏིག་གིས་སྐུལ་འདེད་གཏོང་བ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་འཛུགས་ལྡན་པའི་ཉེས་གསོག་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། གཞི་རིམ་གྱི་ལས་བྱེད་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་ཉེན་ཁ་འགོག་ཟོན་གྱི་ནུས་པ་ཏན་ཏིག་གིས་ཆེ་རུ་བཏང་ནས་བདེ་འཇགས་ཀྱི་གྲོང་གསེབ་འཛུགས་སྐྲུན་གྱི་མཐའ་ཚད་བརྟན་པོར་འཛུགས་དགོས། ཉེ་ཆར། སྟེང་ཆེན་རྫོང་ཨུད་དང་རྫོང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་འོག རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་སྣེ་ཁྲིད་དེ་རྫོང་མི་དམངས་ཁྲིམས་ཁང་དང་། རྫོང་མི་དམངས་ཞིབ་དཔྱོད་ཁང་། རྫོང་སྲིད་ཁྲིམས་ཅུས་བཅས་དང་མཉམ་འབྲེལ་སྒོས་གྲུབ་པའི་སྒྲོག་འགྲེལ་ཚོགས་ཆུང་གིས་སེར་ཚ་ཤང་དང་། གྱང་སྔོན་ཤང་དུ་ནག་སེལ་གཤེད་བཅོམ་གཏིང་ཟབ་གཏོང་བའི་ཆེད་དོན་བྱ་སྤྱོད་ཀྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཏེ། ཁྲིམས་སྐྱོང་ཤེས་བྱ་དང་། ནག་སེལ་སྲིད་ཇུས། ཁེ་དབང་སྲུང་སྐྱོབ་བཅས་མང་ཚོགས་ཀྱི་སྒོ་འགྲམ་དུ་སྐྱེལ་བ་རེད།

ཐེངས་འདིར་ཚན་པ་མང་པོ་མཉམ་འབྲེལ་ཐོག་སྒྲོག་འགྲེལ་སྤེལ་བ་དེས་ནག་སེལ་གཤེད་བཅོམ་གཏིང་ཟབ་གཏོང་བའི་ཆེད་དོན་བྱ་སྤྱོད་ཀྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས། གཞི་རིམ་མང་ཚོགས་ཀྱི་ཤེས་ཚད་དང་། དབྱེ་འབྱེད་ནུས་པ། ཞུགས་ཚད་བཅས་མཐོར་འདེགས་བྱུང་ཡོད།