འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9པའི་ཚེས10ཉིན། “སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་གཏོད་པ།”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཆབ་མདོ་གྲོང་ཁྱེར་གྱི་དགེ་རྒན་དུས་ཆེན་སྐབས་ཞེ་གཉིས་པའི་བཞུགས་མོལ་ཚོགས་འདུ་དེ་ཆབ་མདོའི་སྲིད་འཛིན་ལྟེ་གནས་སུ་འཚོགས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཚོགས་འདུ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་སློབ་གསོའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་རྒྱལ་ཡོངས་ཀྱི་རྨང་གཞིའི་སློབ་གསོའི་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་ལས་དོན་གྱི་སྙན་སེང་ལ་གསན་པ་རེད།
སྔོན་ཐོན་མཉམ་སྡེབ་འཐུས་མི་དང་སྔོན་ཐོན་མི་སྒེར་གྱི་འཐུས་མིས་རིམ་བཞིན་གཏམ་བཤད་སྤེལ་ཏེ། དཔེ་ཁྲིད་མི་སྐྱོང་གི་ཉམས་མྱོང་དང་། འཚར་ལོངས་ཀྱི་ཉམས་རྟོགས། འགན་སྒྲུབ་ཀྱི་སེམས་ཚོར་བཅས་མཉམ་སྤྱོད་བྱས་ཡོད་པ་རེད།
ལའོ་ཆིན་འུའུ་ཡིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་བྱས་པ་རེད། ཁོང་གིས་དགེ་རྒན་ནི་མིའི་རིགས་ཀྱི་བླ་སྲོག་སྐྲུན་མཁན་ཞིག་རེད། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་སློབ་གསོའི་ཁ་ཕྱོགས་ཁོང་དུ་ཆུད་པ། “སའི་ཆེད་དུ་མི་སྣ་གསོ་སྐྱོང་བྱེད་པ་དང་། མི་སྣ་གང་འདྲ་ཞིག་གསོ་སྐྱོང་བྱེད་པ། ཇི་ལྟར་བྱས་ནས་མི་སྣ་གསོ་སྐྱོང་བྱེད་པའི”རྩ་བའི་རང་བཞིན་གྱི་གནད་དོན་ཐག་གཅོད་པ། སློབ་གསོའི་ཆབ་སྲིད་ཀྱི་གཏོགས་གཤིས་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་སློབ་གསོ་དེ་སློབ་ཚན་དང་སློབ་ཁྲིད་ནང་བཅུག་སྟེ། སློབ་མར“མོས་སེམས་ལྔ”རྒྱུན་ཆད་མེད་པར་ཆེ་རུ་གཏོང་བར་ཁྲིད་སྟོན་བྱེད་དགོས། རིམ་པ་ཁག་དང་ཚན་པ་ཁག་གིས་བློ་བརྟན་འགྱུར་མེད་ཀྱིས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་ཐབས་ཇུས་དོན་འཁྱོལ་བྱས་ཏེ། ཕྱོགས་མང་པོའི་མཐུན་སྦྱོར་མཉམ་འགུལ་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་། སློབ་སྒྲུབ་མི་སྐྱོང་གི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་བ། མི་དམངས་བློ་ཡིད་ཚིམས་པའི་སློབ་གསོ་ཧུར་ཐག་སྒྲུབ་པ་བཅས་བྱེད་དགོས་ཅེས་བསྟན།

