国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年09月08日

ཆབ་མདོ་གྲོང་ཁྱེར་བོད་ཕག་ཐོན་ལས་མཐུན་ཚོགས་འཛུགས་པའི་ཚོགས་ཆེན་དང་ཚོགས་མིའི་ཚོགས་ཆེན་ཐེངས་དང་པོ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་9པའི་ཚེས་4ཉིན། ཆབ་མདོ་གྲོང་ཁྱེར་བོད་ཕག་ཐོན་ལས་མཐུན་ཚོགས་དངོས་སུ་བཙུགས་པ་མ་ཟད། ཚོགས་མིའི་ཚོགས་ཆེན་ཐེངས་དང་པོ་འཚོགས་པ་རེད། ཚོགས་འདུར་ཞུགས་དགོས་པའི་ཚོགས་མིའི་འཐུས་མི57ཡོད་པ་དང་དངོས་སུ་ཞུགས་པའི་འཐུས་མི་42ཡོད་པ་དེ《སྤྱི་ཚོགས་ཚོགས་པའི་ཐོ་འགོད་དོ་དམ་སྲོལ་ཡིག》དང་མཐུན་ཚོགས་ཀྱི་སྒྲིག་ཡིག་གི་གཏན་འབེབས་དང་མཐུན་ཡོད་པ་རེད།

ཚོགས་འདུའི་ཐོག《ཆབ་མདོ་གྲོང་ཁྱེར་བོད་ཕག་ཐོན་ལས་མཐུན་ཚོགས་འཛུགས་རྒྱུའི་ཐོ་འགོད་ལ་མོས་མཐུན་བྱ་རྒྱུའི་སྐོར་གྱི་མཆན་བཀོད་བཀའ་ལན》སྒྲོག་སྦྱང་བྱས་པ་དང་། ཆབ་མདོ་གྲོང་ཁྱེར་བོད་ཕག་ཐོན་ལས་མཐུན་ཚོགས་སྐབས་དང་པོའི་ཚོགས་མིའི་ཚོགས་ཆེན་ཐེངས་དང་པོའི་ལས་འཛིན་པ་དང་། ལྟ་ཞིབ་པ། འགན་འཁུར་བ་བཅས་བདམས་པ་མ་ཟད། གདན་ཞུའི་ཡི་གེ་སྤྲད་པ་དང་དུས་མཚུངས་སུ་ཆབ་མདོ་གྲོང་ཁྱེར་བོད་ཕག་ཐོན་ལས་མཐུན་ཚོགས་ཀྱི་སྒོ་བྱང་བཀལ་བ་རེད།