国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年09月08日

རང་རེའི་གྲོང་ཁྱེར་གྱི་དབང་པོ་སྐྱོན་ཅན་གསོ་བཅོལ་ལྟེ་གནས་ཀྱི་སྒོ་བྱང་བཀལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་9ཚེས་7ཉིན་གྱི་སྔ་དྲོ། རང་རེའི་གྲོང་ཁྱེར་གྱི་དབང་པོ་སྐྱོན་ཅན་གསོ་བཅོལ་ལྟེ་གནས་ཀྱི་སྒོ་བྱང་དངོས་སུ་བཀལ་ནས་རང་རེའི་གྲོང་ཁྱེར་ལ་ཆེད་ལས་ཅན་གྱི་དབང་པོ་སྐྱོན་ཅན་གསོ་བཅོལ་ཞབས་ཞུ་མེད་པའི་སྟོང་ཆ་བསྐངས་ཡོད། དེའི་ཐོག་ནས་དྲག་སྐྱེད་དང་ལས་ཞུགས། གསོ་བཅོལ་བཅས“ཕྱོགས་གསུམ་གཞི་གཅིག”གི་དབང་པོ་སྐྱོན་ཅན་གྱི་ཞབས་ཞུའི་མ་ལག་སྔར་བས་འཐུས་ཚང་དུ་བཏང་བ་མཚོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོའི་ས་རྒྱ་ཆེ་ཞིང་སྡོད་གནས་ཁ་ཐོར་ཡིན་པ་དང་། དབང་པོ་སྐྱོན་ཅན་ཚབས་ཆེན་མང་པོའི་ཁྱིམ་ཚང་གིས་ཡུན་རིང་ལྟ་རྟོག་གི་གནོན་ཤུགས་ཐེག་ཅིང་། ལྟ་སྐྱོང་བྱེད་མཁན་མི་འདང་བ་དང་དྲག་སྐྱེད་མ་བྱུང་བ་ནི་ཁྱིམ་ཚང་མི་ཉུང་བ་ཞིག་གི་སེམས་ཁྲལ་དང་རེ་སྒུག་བྱེད་པའི་དངོས་ཡོད་གནད་དོན་ཞིག་རེད། གསོ་བཅོལ་ལྟེ་གནས་ཀྱིས་དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་དངོས་ཡོད་དགོས་མཁོར་དམ་པོར་གཞིགས་ཏེ་སློབ་སྦྱོང་ཁང་དང་།དྲག་སྐྱེད་ཁང་།ལག་ཤེས་ཁང་།ཟ་ཁང་དེ་བཞིན་ཉིན་དགུང་ངལ་གསོའི་ཁང་བཅས་བཙུགས་པ་དང་།འཚོ་བར་ལྟ་སྐྱོང་དང་།རྒྱུན་གཏན་བདག་སྐྱོང་།བདེ་ཐང་སླར་གསོའི་སྦྱོང་བརྡར།འཚོ་བའི་རྩལ་ནུས་སྐྱེད་སྲིང་སོགས་ཀྱི་ཞབས་ཞུ་རིན་མེད་ངང་མཁོ་འདོན་བྱས་ཏེ་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དབང་པོ་སྐྱོན་ཅན་མང་ཚོགས་ཀྱི་ཉེ་འགྲམ་དུ་དངོས་སུ་བསྐྱལ་བ་རེད།

བཅོལ་གསོ་ལྟེ་གནས་བསྐྲུན་ཟིན་ནས་འཁོར་སྐྱོད་བྱས་པ་དེས་དབང་པོ་སྐྱོན་ཅན་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། དབང་པོ་སྐྱོན་ཅན་དང་བདེ་ཐང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པ་བཅས་ཀྱི་ངོས་ནས་བརྗོད་ན་གལ་འགངས་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད། གོམ་སྟབས་རྗེས་མར་རང་རེའི་གྲོང་ཁྱེར་གྱིས་བཅོལ་གསོ་ཞབས་ཞུའི་ཚད་གཞི་མུ་མཐུད་འཐུས་ཚང་དུ་གཏོང་བ་དང་ཞབས་ཞུའི་ཁྱབ་རྒྱ་རིམ་བཞིན་ཆེ་རུ་བཏང་ནས་ཚབས་ཆེའི་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་དེ་བས་མང་བར་ཕན་པ་ཐོབ་རྒྱུ་རེད།