འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9ཚེས4ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ཐང་ཧའོ་ཡིས་བྲག་གཡབ་རྫོང་ལ་བརྟག་ཞིབ་གནང་ནས་ཟླ་ཆུའི་སྟོད་རྒྱུད་ཀྱི་གཙོ་གནད་ནུས་རྒྱུའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཚུལ་ཤེས་རྟོགས་དང་ཆ་སྒྲིག་རོགས་སྐྱོར་གནང་བར་ཕེབས་པ་རེད།
དཀྱིལ་ཐང་གྲོང་རྡལ་དུ་ཐང་ཧའོ་ཡིས་དང་ཐོག་ཀྲུང་གོ་ཧྭ་ནུས་དཀྱིལ་ཐང་གློག་འདོན་ས་ཚིགས་ཀྱི་ལས་གྲྭའི་འཆར་འགོད་དང་རྩད་ཞིབ་ཇུས་འགོད་སོགས་ཀྱི་ལས་ཀའི་གནས་ཚུལ་ངོ་སྤྲོད་ལ་གསན་ཞིང་། ཨར་ལས་ཚན་པར་ལས་རིགས་ཀྱི་ཚད་གཞི་ནན་པོར་བརྩི་སྲུང་ཞུས་ཏེ། ཇུས་འགོད་འཆར་གཞི་ཞིབ་ཕྲ་བཟོ་བ་དང་རྣམ་གྲངས་ལ་ཕན་འབྲས་ཆེ་བའི་ངང་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་འདིང་དགོས་པའི་མངགས་བཅོལ་བྱས་པ་རེད།
ཀྲུང་གོའི་ཧྭ་ནུསBDaཆུ་གློག་ཁང་གི་ཨར་ལས་བྱ་ཡུལ་དུ་ཐང་ཧའོ་ཡིས་རྣམ་གྲངས་ཀྱི་ལས་ཡུན་སྤྱིའི་བཀོད་སྒྲིག་དང་2026ལོའི་རྨང་གཞིའི་འཛུགས་སྐྲུན་གྱི་མ་འཇོག་ལེགས་སྒྲུབ་བྱས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་དང་། བདེ་འཇགས་ཁོར་ཡུག་སྲུང་སྐྱོང་དང་སྤྱི་ཚོགས་ཀྱི་འགན་འཁྲི་བསྒྲུབས་ནས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཁས་ལེན་གང་ལེགས་གནང་བ་རེད།
དེ་རྗེས་ཐང་ཧའོ་རླངས་འཁོར་ལ་བསྡད་དེ་དཔལ་རི་ཤང་འབེ་ཉའི་གྲོང་ཚོར་ཕེབས་ནས་ཆ་སྒྲིག་རོགས་སྐྱོར་གནང་སའི་མང་ཚོགས་ལ་འཚམས་འདྲི་གནང་བ་རེད། འདི་ལོ་ལོ9ལ་སླེབས་པའི་ཚེ་རིང་ནོར་བུ་2025ལོའི་ཟླ11ཚེས2ཉིན་ཁྱི་འཁྱམས་གྱིས་རྨུགས་ནས་རྨས་སྐྱོན་ཚབས་ཆེན་བཟོས་པས། མགྱོགས་མྱུར་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་ནས། ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་པ་ཁག་བཅུ་གཅིག་པ་དང་དམིགས་བསལ་གྱི་ལས་དབང་ཆགས་ཡོད། ཚེ་རིང་ནོར་བུའི་ཁྱིམ་དུ་ཐང་ཧའོ་ཡིས་ཚེ་རིང་ནོར་བུ་གཤགས་བཅོས་བྱས་རྗེས་རྨས་སྐྱོན་དྲག་སྐྱེས་བྱུང་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་དང་། ཁོ་སྔ་ཙམ་སློབ་གྲྭར་ལོག་ཐུབ་ནས་བློ་སེམས་བདེ་པོའི་ངང་སློབ་སྦྱོང་བྱེད་པར་སྐུལ་ལྕག་གནང་བ་མ་ཟད། འཚམས་འདྲིའི་དངུལ་དང་འཚོ་བའི་དངོས་ཟོག་ཀྱང་སྤྲད་གནང་བ་དང་། ཚེ་རིང་ནོར་བུའི་ནང་མི་ཚང་མ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་སྔ་ཙམ་དཀའ་ངལ་ལས་སྒྲོལ་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པའི་ཐུགས་རེ་ཡང་གནང་བ་རེད།

