国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年09月04日

ཆུ་ལོག་བྱུང་སྐབས་སྲོག་ཉེན་ལས་ཅི་ལྟར་གཡོལ་ཐབས་བྱེད་དགོས།

རི་བརྡིབས་སྐབས་སྲོག་ཉེན་ལས་ཐར་ཐབས་ཅི་ཡོད།

གཅིག རི་བརྡིབས་པ་ན་སྦས་ས་སྲ་མོའི་འོག་ཏུ་གཞའ་བ།

གཉིས། ལྭ་བ་སོགས་ཀྱིས་མགོར་སྲུང་སྐྱོང་བྱེད་དགོས།

གསུམ། རྡོ་ཉིལ་བའི་ཕྱོགས་སུ་འབྲོ་མི་རུང་།

རི་ཉིལ་མིན་ཇི་ལྟར་དབྱེ་བ་འབྱེད་དགོས།

གཅིག ཅུང་གཟར་ལ་མཐོ་དམའ་མི་སྙོམས་པའི་རི་ངོས།

གཉིས། རྒྱ་ཁྱོན་མི་ཆུང་བ་དང་ཐུར་ཏུ་གསེག་ཚད་ཆེ་བ།

གསུམ། རི་ངོས་སུ་ཆུ་མགོ་དང་འདམ་ར་ཡོད་པ།

བཞི། རི་ངོས་རྡིབས་པའི་ས་མང་བ།

ལྔ། ས་རྒྱུ་སོབ་སོབ་ཡིན་ལ། སྔོན་དུའང་རྡིབས་མྱོང་བ་མ་ཟད་འདབས་སུ་ཆུ་བཞུར་བཞིན་པ།

དྲུག རི་ངོས་སུ་ནགས་མེད་པ།

འདམ་རྡོ་བཞུར་སྐབས་ཇི་ལྟར་ཉེན་ཁར་གཡོལ་དགོས།

དང་པོ། རུ་ཁུག་ཏུ་འདམ་རྡོ་བཞུར་སྐབས་སྐྲག་མི་རུང་། འདམ་རྡོ་བཞུར་བའི་ཕྱོགས་སུ་འབྲོ་མི་རུང་། མྱུར་དུ་བདེ་འཇགས་ཀྱི་ལམ་བུ་གདམ་དགོས་ཏེ། རི་ངོས་སུ་འགོ་དགོས། མཐོན་པོར་འགོས་ན་དེ་ལྟར་བཟང་།

གཉིས་བ། རི་ཁུག་ཏུ་རྐང་ཐང་དུ་འགྲོ་སྐབས་ཆར་ལོག་བྱུང་བ་ཡིན་ན། མྱུར་དུ་བདེ་འཇགས་ཡིན་པའི་རི་མགོར་འགོ་དགོས། རི་ཁུག་ནས་འདུག་མི་རུང་། ཕྱོགས་བཞིར་ལྟ་ཞིབ་བྱས་ཏེ་སྟོད་ནས་འབྲུག་སྒྲ་གྲགས་ན། གཟབ་ནན་བྱས་དགོས་ཏེ། སྐབས་འདིར་འདམ་རྡོ་བཞུར་བའི་ཉེན་ཁ་ཆེ། གོང་དུ་རྡོ་མང་བའི་འོག་ཏུ་བཞའ་མི་རུང་ལ། རི་ཁུག་ཏུ་སྒར་རྒྱག་མི་རུང་། འཕྲིན་གཏོང་ལག་ཆ་མ་གཏོགས་དངོས་བོ་ལྗིད་མོ་གཡུག་ནས་བདེ་འཇགས་ཀྱི་གནས་བཙལ་ཏེ་མི་གཞན་དང་འབྲེལ་བ་བྱེད་དགོས།

གསུམ་པ། ཐངས་ཡངས་ལ་སྡོང་བོ་ཁ་ཁེར་སྐྱེས་བའི་གནས་སུ་འདུག་མི་རུང་། དེ་ལས་རྫོང་མཐུག་པའི་ནགས་ནང་དུ་བྲོས་ན་ཡང་ཆོག

བཞི་བ། གཟར་བའི་བྲག་འོག་ཏུ་གཞའ་མི་རུང་ལ། སྡོང་མགོར་འགོ་བ་ཡང་ཐབས་བཟང་བོ་ཞིག་མིན།

ལྔ་བ། ས་ཡི་རིམ་པ་ཅུང་མཐུག་པའི་གནས་སུ་འབྲོ་མི་རུང་སྟེ། ས་རྒྱུ་མཁྲེགས་པའི་གནས་སུ་ཆར་ཆུས་ཁུར་མི་ཐུབ་ལ། རྡོ་ཟེགས་མེད་པའི་བྲག་རྡོའི་གནས་སུ་བྲོས་ན་བཟང་།

དྲུག་པ། རླངས་འཁོར་སྐོར་སྐབས་འདམ་རྡོ་བཞུར་ན། རླངས་འཁོར་ལས་བྲལ་ཏེ་འབྲོ་དགོས། རླངས་འཁོར་ནང་དུ་བསྡད་ན་ཆུས་བསྣུབས་པའམ་དབུགས་ཀྱིས་མི་འདང་བའི་ཉེན་ཁ་ཆེ།

བདུན་པ། མི་མང་པོ་རྒྱུ་ལས་སྲོག་མི་དགོས་པའི་བྱ་སྤྱོད་སྤེལ་ཏེ་འདམ་རྡོས་བསྣུབས་པའི་དོན་མང་། དུས་ཚོད་ཡོད་ན་ལྭ་བ་དང་ཟ་མ་ཁྱེར་རྒྱུ་མ་གཏོགས་རྒྱུ་ནོར་ལ་ཞེན་ཆགས་མི་རུང་།

བརྒྱད་པ། འདམ་རྡོ་བཞུར་བའི་རྗེས་སུ་བདེ་འཇགས་མིན་ཏེ་གཞུག་ཏུ་ཡང་བཞུར་བའི་ཉེན་ཁ་ཆེ། གལ་ཏེ་རླངས་འཁོར་སྐོར་ཏེ་འདམ་རྡོ་ཉིལ་བའི་ས་ཁུལ་དུ་སྐྱོད་ན་ངེས་བར་དུ་གཟབ་དགོས།

འདམ་རྡོ་ཇི་ལྟར་བྱུང་བ་ཡིན།

འདམ་རྡོ་གྲུབ་པར་ངེས་མཁོའི་ཆ་རྐྱེན་གསུམ་ཚང་དགོས་ཏེ། ཅུང་གཟར་བའི་ས་གཤིས་དང་། ས་རྒྱུ་སོབ་སོབ། དུས་ཡུན་ཐུང་ངུའི་ནང་དུ་ཆུ་མང་པོ་གསོག་ཐུབ་པ་བཅས་ཡིན།

གཅིག ས་དབྱིབས་ཐོག་ནས་བཤད་ན། རི་མཐོ་བ་དང་ཁུག་དོག་པ། ས་གཟར་བ་དང་ལུང་ཁུག་རིང་བ། ཆུ་རྒྱུག་གསོག་ཐུབ་པ། ཆུ་བོའི་སྟོད་རྒྱུད་དུ་ཕྱོགས་གསུམ་རི་བོས་སྐོར་བ་དང་། ཕྱོགས་གཞན་དེ་ལྡུག་མའི་དབྱིབས་ཅན་ཡིན་པ། རྩི་ཤིང་མང་པོ་མེད་པའི་གནས་རེད།

གཉིས། དངོས་བོ་སབ་སོབ་ཀྱི་ཡོང་ཁུངས་ནི་བྲག་རྡོའི་རྡོ་ཟེགས་ཅན་ཡིན་པ་དང་། རྡིབ་སླ་བ་སོགས་ཀྱི་ས་རྒྱུ་མི་བཟང་བའི་སྣང་ཚུལ་ལས་ཐོན་པ་ཡིན། འདིས་འདམ་རྡོ་ཉིལ་བར་ཆ་རྐྱེན་ངེས་ཅན་བཏོན་ཡོད།

གསུམ། ཆུའི་འབྱུང་ཁུངས་ནི་འདམ་རྡོའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཆུ་ཁུངས་གཙོ་ོབ་དྲག་ཆར་དང་སེར་དྲག་བབས་པ་སོགས་འདུས་པས་ཡིན།

ས་ཡོམ་བྱུང་སྐབས་ཇི་ལྟར་རང་སྲོག་རང་གིས་སྐྱོབ་དགོས།

གཅིག མི་སྐྲག་པ། ས་ཡོམ་ཁྲོད་དུ། གནོད་འཚེ་ཐེབས་མཁན་མི་ཉུང་བ་ཞིག་ཁང་པ་རྡིབ་སྟེ་ཤི་བ་མིན་པར། སེམས་ཤུགས་ཉམས་ཏེ། འཚོ་གནས་ཀྱི་རེ་ཐག་ཆད་ཅིང་། གང་བྱུང་དུ་སྐད་ཅོར་བརྒྱབ་པ། འཇིགས་སྣང་ཆེན་པོའི་ཁྲོད་དུ་རང་གིས“རང་སྲོག་བཅད་པ”རེད། གང་བྱུང་དུ་སྐད་ཅོར་བརྒྱབ་ན་རྙིང་ཚབ་གསར་བརྗེ་ཇེ་མགྱོགས་སུ་འགྲོ་བ་དང་། དབྱང་གི་ཟད་གྲོན་ཇེ་མང་དུ་བཏང་སྟེ་ལུས་སྟོབས་ཇེ་ཞན་དུ་འགྲོ། དེ་དང་མཉམ་དུ། སྐད་ཅོར་ཆེན་པོ་བརྒྱབ་ན། ཐལ་རྡུལ་མང་པོ་རྔུབ་ནས་དབུགས་འཚང་སླ། ཡང་དག་པའི་བྱེད་སྟངས་ནི་ཁོར་ཡུག་ངན་པ་ཅི་ཞིག་ཡིན་རུང་། སེམས་ལྷོད་ལ་བབས་ནས་ཁོར་ཡུག་ལ་དབྱེ་ཞིབ་དང་ཐར་ལམ་འཚོལ་བ། རོགས་སྐྱོབ་ལ་སྒུག་དགོས།

གཉིས། ཁྲག་གཅོད་པ་དང་རྨ་ཁ་སྲ་མོར་བཏང་བ། བཙིར་རྨས་ནི་ས་འགུལ་ཁྲོད་ཀྱི་རྒྱུན་མཐོང་གི་རྨ་ཁའི་རིགས་ཡིན། རྨ་ཁ་ནས་ཁྲག་བཞུར་ན། ཐོག་མར་ཁྲག་གཅོད་པའི་དུས་མཚུངས་སུ་འབོད་དགོས། རུས་པ་བཅག་ཡོད་ན་རས་ཀྱིས་གཅུད་པ་ལས་སླར་གསོ་བྱ་རྒྱུ་རེད། དེས་ལུས་པོའི་རྩ་འཛུགས་ལ་ཡང་བསྐྱར་རྨ་བཟོ་སྲིད། ལུས་པོའི་ཁག་མི་འདྲ་བའི་རུས་པ་བཅག་པ་དེ་བླང་བྱ་མི་འདྲ་བར་གཞིགས་ནས་སྲ་གཏན་བྱེད་དགོས་པ་མ་ཟད། རྨས་སྐྱོན་གྱི་རིགས་དང་རིམ་པ་དབྱེ་ནས་སྨན་ཁང་དུ་བསྐྱལ་དགོས།

གསུམ། བཙིར་གནོན་གྱི་རྨ་ཁ་གཅོད་དུས། གང་མགྱོགས་ཀྱིས་གནོན་བྱེད་མེད་པར་བཟོ་དགོས། རྒྱ་ཁྱོན་ཆེ་བའི་རྨ་ཁ་ལ་འཕྲད་ན་རྨ་ཁར་རས་གཙང་མས་དཀྲི་དགོས། རྨ་ཁར་ཕྲ་སྲིན་འགོས་ན། མྱུར་དུ་སྨན་ཁང་ལ་འབྲེལ་བ་བྱས་ནས་དུས་ལྟར་བརྟག་དཔྱད་དང་སྨན་བཅོས་བྱེད་དགོས། རྨས་སྐྱོན་ཆེན་པོ་དང་རྨས་སྐྱོན་ཚབས་ཆེན་ཕོག་མཁན་ལ་མངར་ཆ་དང་ཚྭ་ཆུ་འཐུང་ནས་དྲན་པ་ཐོར་བ་སྔོན་འགོག་བྱེད་དགོས།

བཞི། མེ་སྐྱོན་མི་ཡོང་བ་བྱ་དགོས། ས་ཡོམ་གྱིས་རྒྱུན་པར་གནོད་འཚེ་མང་པོ་བཟོ་བཞིན་ཡོད་ལ། མེ་སྐྱོན་ནི་རྒྱུན་མཐོང་གི་རིགས་ཤིག་ཡིན། མགྱོགས་མྱུར་ངང་མེ་སྐྱོན་བྱུང་ཡུལ་ནས་ཁ་བྲལ་ཏེ། འབར་བཞིན་པའི་ལྭ་བ་ཕུད་པའམ་ཡང་ན་ལྭ་རློན་པ་འགེབ་པ། ཡང་ན་ཐང་ནས་འགྲིལ་བ། ཡང་ན་ཆུ་ཡིས་ཐད་ཀར་མེ་གསོད་དགོས། ལག་ཟུང་གིས་མེ་གསོད་མི་རུང་། དེ་མིན་ན་ལག་པ་ཚིག་སྲིད། དུག་སེལ་སྲིང་བལ་དང་རས་གཙང་མས་བཏུམ་རྗེས་སྨན་ཁང་དུ་སྐྱེལ་ནས་སྔར་ལས་ལྷག་པའི་སྒོ་ནས་སྨན་བཅོས་བྱེད་དགོས།

ས་ཡོམ་བྱུང་སྐབས་ཇི་ལྟར་ཉེན་ཁར་གཡོལ་དགོས།

གཅིག ཁང་བ་ཁེར་ཐོག་གི་ནང་དུ་ཡོད་ན། ལག་པ་མགོར་བཞག་སྟེ་སྒོ་ཕྱིར་འབྲོ་དགོས། འབྲོ་ཁོམ་མ་བྱུང་ན་ཅོག་ཙེ་འོག་གམ་ཉལ་ཁྲིའི་འོག ཁྱིམ་ཆས་ཀྱི་འོག་ཏུ་བཞའ་དགོས།

གཉིས། ཐོག་ཁང་གི་ནང་དུ་ཡོད་ན། གསང་སྤྱོད་ཁང་སོགས་བར་རྒྱ་ཆུང་བའི་ཁང་མིག་གམ། ཀ་བའི་རྩའམ་གྲུ་ཟུར་དུ་བཞའ་དགོས་པ་ལས་གློག་སྐས་ལ་འདུག་མི་རུང་བ་མ་ཟད། སྒེའུ་ཁུང་ནས་ལྡིང་བ་ནི་དེ་བས་ཀྱང་མི་རུང་།

གསུམ། སློབ་གྲྭའམ་ཚོང་ཁང་། གློག་བརྙན་ཁང་སོགས་སྤྱི་བའི་ཁོར་ཡུག་ཏུ་ཡོད་ན། མྱུར་དུ་མགོ་སྐྱོར་བ་དང་0མིག་ཙུམ་དགོས། རྐུབ་སྟེགས་འོག་སོགས་སུ་བཞའ་དགོས་པ་དང་། ས་ཡོམ་བྱུང་རྗེས་གོ་རིམ་ལྡན་པའི་ངང་ཕྱིར་འགྲོ་དགོས་པ་ལ་འཚུབ་མི་རུང་།

བཞི། སྲང་ལམ་དུ་ཡོད་ན། ལག་པས་མགོ་བོ་སྐྱོར་ནས་མྱུར་དུ་ཐང་ཆེན་དུ་རྒྱུག་དགོས་པ་དང་། ཐོག་ཁང་མཐོན་པོ་དང་ཟམ་པ། མཐོ་མནོན་གློག་སྐུད་སོགས་ལས་འབྲལ་དགོས།

ལྔ། གྲོང་ཁྱེར་དང་བར་ཐག་རིང་བའི་གནས་སུ་ཡོད་ན། རི་འདབས་དང་བྲག་གཟར་སོགས་དང་ཁ་བྲལ་ཏེ། རྦབ་རྡོ་དང་ས་ཉིལ་བ་སོགས་ལ་གཟབ་དགོས།

དྲུག རླངས་འཁོར་སྐོར་བའི་སྐབས་སུ། མྱུར་དུ་ཟམ་པ་དང་ལ་གཟར། གློག་སྡོང་སོགས་དང་ཁ་འབྲལ་དགོས། ཐང་ཆེ་བའི་གནས་ནས་འདུག་དགོས།

བདུན། ལ་ཏེ་ས་ཡོམ་ཁྲོད་མནན་ན་ངེས་བར་སྐྲག་མི་རུང་བར། རང་ཉིད་ཀྱིས་རང་སྲོག་སྐྱོབ་པར་ཐབས་འཐེན་དགོས།

①རས་ལྷེབ་རློན་པ་དང་གོས་རློན་པ་བཟུང་ནས་ཁ་མིག་གཅོད་དགོས། དེ་ལྟར་བྱས་ན་ས་རྡུལ་གྱིས་ཁངས་ཏེ་ཤི་བ་སྔོན་འགོག་བྱེད་ཐུབ།

②རྐང་ལག་འགུལ་དགོས་ཏེ་ལུས་ཀྱི་དངོས་པོ་ཕར་ལ་འཇོག་དགོས།

③ལུས་སྟེང་གི་དངོས་བོ་མི་ལྷུང་ཆེད་དུ་ལུས་འགྲམ་གྱི་དངོས་བོས་སྐྱོར་དགོས།

④སྤོ་འགུལ་གྱི་བར་སྟོང་ཆེ་རུ་གཏོང་དགོས།

⑤ཉེན་ཁ་ལས་གཡོལ་མི་ཐུབ་ན། ལུས་ཟུངས་གྲོན་ཆུང་བྱེད་དགོས་པ་དང་། རོགས་སྐྱོབ་ལ་སྒུག་དགོས། གང་འདོད་དུ་སྐད་ཅོར་རྒྱག་མི་རུང་། ཉེ་འཁོར་དུ་མི་འགྲོ་བ་ཚོར་ན་གྲོ་མོག་སོགས་ཀྱིས་ཉེ་འགྲམ་གྱི་ལྕགས་སྦུག་སོགས་ལ་རྡུང་སྟེ་ཕྱི་རོལ་དུ་བརྡ་གཏོང་དགོས།

བརྒྱད། ཉེན་ཁ་ལས་གཡོལ་སྐབས་ཆུ་ལ་བཅར་བ་ལས་མེ་ལ་བཅར་མི་རུང་། ཕྱི་གྱང་ལ་བཏུད་པ་ལས་ནང་གྱང་ལ་བཏུད་མི་རུང་། ཉེན་ཁ་ལས་གཡོལ་ཟིན་པའི་མི་སྣས་མྱུར་དུ་ཁང་བའི་ནང་དུ་འགྲོ་མི་རུང་།

ཅི་ལྟར་ཆུ་ལོག་སྔོན་འགོག་བྱེད་དགོས།

1.རྒྱུན་ལྡན་དུ་གནོད་འགོག་དང་གནོད་འཕྲིའི་ཤེས་བྱར་སློབ་སྦྱོང་མང་པོ་བྱས་ཏེ། རང་སྐྱོབ་ཉེན་ཐར་གྱི་རྩལ་ནུས་ལ་རྒྱུས་ལོན་བྱེད་པ་དང་། གནམ་གཤིས་སྔོན་བརྡར་དོ་སྣང་བྱེད་པའི་གོམས་སྲོལ་བཟང་པོ་ཆགས་པར་བྱས་ནས་གནམ་གཤིས་འགྱུར་ལྡོག་ལ་དུས་རྒྱུན་དུ་ཤེས་རྟོགས་བྱེད་དགོས། ཉེ་འཁོར་གྱི་ཁོར་ཡུག་ལ་རྟོག་ཞིབ་དང་རྒྱུས་ལོན་བྱས་ནས། སྔོན་ལ་བྲེལ་འཚུབ་གནས་ཚུལ་འོག་ཉེན་གཡོལ་གྱི་ལམ་ཐིག་དང་གཡོལ་ས་འདེམས་དགོས། ཁྱིམ་ཚང་གི་འགོག་སྲུང་གྲ་སྒྲིག་ལེགས་པོར་སྒྲུབ་ནས། ཧུར་ཐག་གིས་ཉེན་སྲུང་འགན་བཅོལ་ལ་ཞུགས་ནས་གང་ཐུབ་ཀྱིས་གྱོད་གུད་ཇེ་ཉུང་དུ་གཏོང་དགོས།

2.ཆུ་རྒྱས་དུས་སྐབས་ཀྱི་ཆུ་ལོག་སྔོན་བརྡ་ལ་དོ་ཁུར་ཟབ་མོ་བྱས་ཏེ་གཅིག་གྱུར་བཀོད་སྒྲིག་དང་ལེན་དང་དུས་ལྟར་ཉེན་གཡོལ་བྱེད་དགོས། ཉེན་ཁའི་གནས་ཚུལ་ལ་འཕྲད་ཚེ། དུས་ལྟར་ཁྱིམ་མཚེས་དང་སྡེ་བའི་ལས་བྱེད་པར་སྔོན་བརྡ་གཏོང་དགོས་པ་མ་ཟད། གང་མགྱོགས་ཀྱིས་ཁྱིམ་གྱི་རྒན་རྒོན་དང་བྱིས་པ་བདེ་འཇགས་ས་ཁུལ་དུ་སྤོ་དགོས།

3.གཤོང་སའི་སྡོད་དམངས་ཀྱིས་བྱེ་ཁུག་དང་ཆུ་འགོག་བྱང་ལེབ་སོགས་ཀྱི་དངོས་ཟོག་གྲ་སྒྲིག་བྱེད་དགོས་པ་དང་། ཡང་ན་ཆུ་འགོག་སྒོ་ཐེམ་བཙུགས་ནས་ཆུ་ལོག་ཁྱིམ་དུ་ཐོན་པར་སྔོན་འགོག་བྱེད་དགོས།

4.ཁྱིམ་དུ་རྒྱུན་པར་ཉེན་ཐར་ཐག་པ་དང་རང་སྐྱོབ་ལྭ་བ་སོགས་བདེ་འཇགས་ཉེན་ཐར་དངོས་ཟོག་གྲ་སྒྲིག་བྱས་ནས། ཆུ་རྒྱས་པའི་དུས་ཚིགས་ཀྱི་སྔོན་དུ་དུས་ལྟར་བཀོལ་སྤྱོད་བྱས་ཆོག་མིན་ལ་ཞིབ་བཤེར་བྱེད་དགོས།

5.ལག་གློག་དང་ཡང་ལ། མེ་ཆ། ཚོན་མདོག་ཆེ་བའི་གྱོན་ཆས་དང་དར་དམར། པི་པི་སོགས་གྲ་སྒྲིག་བྱས་ནས། ཉེན་ཁར་འཕྲད་རྗེས་ཉེན་སྐྱོབ་ཀྱི་བརྡ་རྟགས་འདོན་པར་སྟབས་བདེ་བསྐྲུན་དགོས།

6.ཆུ་ལོག་བྱུང་སྐབས། རྒྱུན་པར་མི་རྣམས་ལ་ཉེན་ཟོན་གྱི་དུས་ཚོད་ཡོད་པ་ཡིན། དྲག་ཆར་རྗེས་ཀྱི་ཆུ་རྒྱུན་དྲག་པོ་དང་བསྡུར་ན། ཆུ་ལོག་གི་བཞུར་རྒྱུན་ཅུང་དལ་བ་ཡིན། ཞོད་སྐྱོན་གྱི་གནས་ཚུལ་ལ་གཞིགས་ཏེ། ཐོག་མར་སྒོ་ཐེམ་དུ་ཆུ་རགས་རྒྱག་དགོས་ལ། ཆེས་ལེགས་པའི་རྒྱུ་ཆ་ནི་བྱེ་ཁུག་ཡིན་པ་དང་། ཁུག་མ་སྣ་ཚོགས་ཀྱི་ནང་བྱེ་མ་དང་རྡོ་ཟེགས། ས་འདམ། སོལ་ཐལ་སོགས་བཅུག་རྗེས། གདན་རྙིང་སྣ་ཚོགས་ཀྱིས་སྒོ་སྲུབ་གཅོད་དགོས།

7.ཆུ་ལོག་བྱུང་སྐབས། སོལ་རླངས་ཀྱི་སྦུག་ཁ་དང་གློག་སྒོ་བཅད་དེ། གློག་སྐུད་ཆུ་ནང་དུ་ནུབ་ནས་མེར་ཤོར་བ་དང་མི་ལ་གནོད་ཐེབས་པར་འགོག་དགོས། དུས་ཚོད་ཡོད་ན། ཁྱིམ་ཚང་གི་དངོས་ཟོག་རྩ་ཆེ་རིགས་ཐོག་ཁང་དུ་སྐྱེལ་དགོས། གལ་ཏེ་དུས་ཚོད་མི་འདང་ཚེ། དངོས་ཟོག་རྩ་ཆེའི་རིགས་མཐོ་སར་འཇོག་པ་སྟེ། དཔེར་ན་ཅོག་ཙེ་དང་སྒམ་སྒྲོམ་ཡང་སྟེང་དུ་བཞག་ནས་ཆུས་རླན་མི་ཐུབ་པར་བྱེད་དགོས།

ཆུ་ལོག་ལ་འཕྲད་ན་འཕྲལ་བསྟུན་གྲ་སྒྲིག་གི་ཐབས་ལམ་གང་དག་སྤྱོད་དགོས།

ཆུ་ལོག་ནི་དྲག་ཆར་དང་གངས་ཆུ། ཆུ་རགས་སྒྲིག་ཆས་ཤོར་བ་སོགས་ཀྱི་རྒྱུ་རྐྱེན་ལས་བྱུང་ཞིང་། རི་རྒྱུད(རི་ཞིང་དང་དེའུ་འབུར། རི་སྒང་སོགས་འདུས)ཀྱི་ཆུ་རྒྱུན་དང་ལུང་ཁུག་བརྒྱུད་དེ་གློ་བུར་འཕར་ཆག་ཆེ་བའི་ཆུ་ལོག་གྲུབ་པ་ཡིན།

ཆུ་ལོག་གི་ཐོན་ཤུགས་ཆེ་བ་དང་དུས་ཡུན་ཐུང་བ། གནོད་སྐྱོན་ཆེ་བ་ཡིན།

ཆུ་ལོག་ལ་འཕྲད་ན། འཕྲལ་བསྟུན་གྲ་སྒྲིག་གི་ཐབས་ལམ་གཤམ་གྱི་འདི་དག་སྤྱོད་དགོས་ཏེ།

1.ཁོར་ཡུག་ལ་རྒྱུས་ལོན་བྱེད་པ། འཚོ་སྡོད་བྱེད་ས་དང་ཡང་ན་རི་ཕྱིའི་བྱ་འགུལ་བྱེད་ས་གང་ཡིན་ཡང་། ངེས་པར་དུ་སྔོན་ལ་ཉེ་འཁོར་གྱི་ཁོར་ཡུག་ལ་རྒྱུས་ལོན་བྱེད་དགོས་པ་དང་། སྔོན་ལ་བྲེལ་འཚུབ་གནས་ཚུལ་འོག་གནོད་སྐྱོན་ལ་གཡོལ་ས་དང་ལམ་ཐིག་གདམ་གསེས་ལེགས་པོ་བྱེད་དགོས།

2.སྔ་ལྟས་ལ་ལྟ་ཞིབ་བྱེད་པ། དྲག་ཆར་བབས་རྗེས་གཤམ་གྱི་རྒྱུན་ལྡན་མིན་པའི་སྣང་ཚུལ་བྱུང་ན་ཆུ་ལོག་གློ་བུར་བྱུང་བའི་ཉེན་ཁ་ཡོད་པ་སྟེ། ཆུ་རྒྱུན་རྙོག་པོར་གྱུར་ནས་སྡོང་ལོ་དང་སྡོང་རྩྭ་འཁུར་བ། སྲོག་ཆགས་དང་སྐྱེ་དངོས་ལ་རྒྱུན་ལྡན་མིན་པའི་སྣང་ཚུལ་བྱུང་བ་སྟེ་དཔེར་ན་གྲོག་མས་ཚང་སྤོར་བ་དང་སྦྲུལ་དོང་ཁར་ཐོན་པ་ལྟ་བུ། ས་གཞིར་བྲག་ཅ་འཁོར་བ་སོགས།

3.སྔ་མོ་ནས་གནས་སྤོ་བ། གནས་ཚུལ་བྲེལ་འཚུབ་ཀྱི་སྐབས། དུས་ལྟར་གཙོ་གཉེར་སྡེ་ཁག་དང་མཐའ་འཁོར་གྱི་མིར་ཉེན་ཟོན་བྱེད་དགོས་པའི་བརྡ་གཏོང་བ་དང་། ཁྱིམ་ཚང་གི་རྒན་རྒོན་དང་བྱིས་པ། དངོས་ཟོག་རྩ་ཆེན་རིགས་སྔ་མོ་ནས་བདེ་འཇགས་ས་ཁུལ་དུ་གནས་སྤོ་དགོས།

ཆུ་ལོག་བྱུང་སྐབས་སྲོག་ཉེན་ལས་ཅི་ལྟར་གཡོལ་ཐབས་བྱེད་དགོས།

1.གལ་ཏེ་ཆུ་ལོག་མུ་མཐུད་དུ་ཇེ་ཆེར་སོང་ནས། དུས་ཡུན་ཐུང་ངུའི་ནང་འཇགས་ཐབས་མེད་ན། མྱུར་ཏུ་རི་སྟེང་དང་ས་མཐོ། ཐོག་ཁང་སྟེང་གནས་སྤོར་བ་དང་། ཡང་ན་ཁང་ཀླད་དང་ཐོག་ཁང་གི་མཐོ་ས། སྡོང་མགོ་སོགས་མཐོ་སར་འགོས་ནས་གཡོལ་དགོས།

2.གལ་ཏེ་ཆུ་ལོག་གློ་བུར་ཏུ་ཇེ་ཆེར་སོང་ནས་ཁང་ཀླད་དང་སྡོང་མགོ་སོགས་སུ་འགོ་དགོས་ཚེ། ཉེན་སྐྱོབ་བརྡ་རྟགས་སྟོན་བྱེད་ཀྱི་དངོས་ཟོག་གང་རུང་བསྡུ་གསོག་བྱེད་དགོས་ཏེ། དཔེར་ན་གློག་ཞུ་དང་པི་པི། དར་ཆ། མལ་གོས་མཚོན་མདོག་ཅན། སྣུམ་རས་སོགས་ལྟ་བུ། དུས་ལྟར་ཉེན་སྐྱོན་བརྡ་རྟགས་བཏང་ནས། མྱུར་སྐྱོབ་ཐུབ་པར་བརྩོན་ལེན་བྱེད་དགོས། ད་རུང་ཐག་པ་དང་ཉལ་གོས་ཀྱིས་རང་ཉིད་དང་དུ་ཁུང་མཉམ་དུ་བསྡམས་ནས་ཁང་ཀླད་ནས་ཤུད་པར་གཟབ་དགོས།

3.ཆུ་ལོག་མུ་མཐུད་དུ་ཇེ་ཆེར་སོང་ནས། གནས་སྐབས་སྡོད་ས་ནས་རང་ཉིད་ཉེན་ཁར་འཕྲད་ཚེ། གྲ་སྒྲིག་བྱས་ཡོད་པའི་མྱུར་སྐྱོབ་སྒྲིག་ཆས་བཀོལ་ནས་ཉེན་གཡོལ་བྱེད་དགོས་པ་དང་། ཡང་ན་མགྱོགས་མྱུར་ངང་སྒོ་ལེབ་དང་སྒྲོག་ཅོག མལ་ཁྲི། ཝུ་བའི་སྤོས་འགྱིག་སོགས་བཙལ་དགོས་པ་དང་། ཐ་ན་སྤོ་ལོ་སྣ་ཚོགས་སོགས་གཡེང་ཤུགས་ཆེ་བའི་དངོས་རྫས་དག་གཅིག་ཏུ་བསྡམས་ནས་ཉེན་གཡོལ་བྱེད་དགོས།

4.ཡངས་ཤིང་ཆེ་བའི་ཐང་ཆེན་དུ་རླངས་འཁོར་བསྐོར་དུས་ཆུ་ལོག་ལ་འཕྲད་ན། མྱུར་ཏུ་རླངས་འཁོར་གྱི་སྒོ་དྲ་དམ་པོར་གཏན་ནས་ཆུ་ལོག་ལ་ཁ་གཏད་དེ་བསྐྱོད་དགོས། གལ་ཏེ་གྲོག་རོང་དང་རི་ས་ནས་ཆུ་ལོག་ལ་འཕྲད་ན། མགྱོགས་མྱུར་ངང་མཐོ་སར་བསྐོར་དགོས།

5.ཆུ་ལོག་བྱུང་སྐབས། ཆུ་རྒྱུན་བརྒལ་བ་ནི་ཧ་ཅང་ཉེན་ཆེ་བ་ཡིན། གལ་ཏེ་ངེས་པར་དུ་ཆུ་ལ་བརྒལ་དགོས་ན། གང་ནུས་ཀྱིས་ཟམ་པ་བཙལ་ནས་བརྒལ་དགོས། གལ་ཏེ་ཟམ་པ་མེད་པར་ཆུ་ལ་ངེས་པར་བརྒལ་དགོས་ན། གུ་དོག་པའི་ས་ཆ་གདམ་མི་རུང་། ཁོད་ཡངས་པའི་ས་དང་ཆུ་ངོས་ཁྱབ་རྒྱ་ཆེ་བའི་གཏིང་ཐུང་ས་ནས་བརྒལ་དགོས། རྦབ་ཆུ་དང་བྲག་རྡོ་སྟེང་སེམས་འཚབ་མི་རུང་ལ། ཆུ་ལ་མ་བརྒལ་གོང་སྔོན་ལ་རྐང་པ་འཇོག་ས་བདེ་མོ་ཞིག་བཙལ་ནས། དབུག་པས་མདུན་གྱི་ལམ་ལ་ཚོད་ལྟ་བྱེད་པ་དང་། གོམ་པ་མ་སྤོས་གོང་དབྱུག་པར་ཁེན་ནས་ཆུ་རྒྱུན་གྱི་ལྡོག་ཕྱོགས་སུ་བསྐྱོད་དགོས།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།