འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། འཇོ་མདའ་རྫོང་མང་ཚོགས་ཚོགས་པའི་ལས་དོན་པུའུ(སྤྱི་ཁྱབ་བཟོ་ཚོགས)ཡིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་མཉམ་འབྲེལ་ཐོག་སློབ་འགོ་ཚུགས་པ་དང་། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་13གྱི་ཞིང་འབྲོག་སློབ་མ་73གསོ་སྦྱོང་ནང་ཞུགས་པ་རེད།
གསོ་སྦྱོང་འཛིན་གྲྭས་འཕྲུལ་སྒུལ་འཁོར་རིགས་ཁ་ལོ་བ་དང་སྦག་སྦག་བཟོ་བཅོས་བྱེད་པའི་ཉེར་མཁོའི་རྩལ་ནུས་སློབ་ཚན་གཉིས་དུས་གཅིག་ཏུ་བཀོད་སྒྲིག་བྱས་ཤིང་རིགས་པའི་གཞུང་ལུགས་སློབ་ཁྲིད་དང་ལག་ལེན་དངོས་ཀྱི་རྩལ་སྦྱོང་བརྡར་ཟུང་འབྲེལ་མཐའ་འཁྱོངས་བྱས་ཤིང་། འཇོ་མདའ་ཡུལ་གྱི་ཐོན་སྐྱེད་འཚོ་བ་དང་ངལ་ནུས་ལས་གཏོད་ཀྱི་དགོས་མཁོ་དངོས་ལ་གཞི་ཚུགས་ཏེ་སློབ་ཚན་གྱི་ནང་དོན་བཀོད་སྒྲིག་བྱས་ཡོད་པ་རེད། སྦག་སྦག་བཟོ་བཅོས་ཀྱི་སློབ་ཚན་གྱིས་ས་མཐོའི་ཁུལ་གྱི་སྦག་སྦག་འགུལ་ཚད་ཆེ་བས་སྐྱོན་ཆ་སྐྱོན་འབྱུང་སླ་བར་གྲལ་བཤེར་བྱས་པ་དང་།ལྷུ་ལག་བརྗེ་བའི་ཉམས་བཟོ་སོགས་དངོས་སྤྱོད་ནང་དོན་ལ་གཞིགས་ཏེ་སློབ་མར་རྨང་གཞིའི་ཉམས་བཟོའི་རྩལ་ནུས་ཁོང་དུ་ཆུད་ཐབས་བསླབ་རོགས་བྱས་ནས་ཕྱིར་སྐྱོད་ཨར་ལས་ཀྱི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་ཆེར་བཏང་བ་རེད།
གོམ་སྟབས་རྗེས་མར།འཇོ་མདའ་རྫོང་མང་ཚོགས་ཚོགས་པའི་ལས་དོན་པུའུ་ཡིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གཞི་རྟེན་དུ་བྱས་ཏེ་མང་ཚོགས་ལ་ལས་ཞུགས་བརྟན་པོ་དང་ཡོང་འབབ་འཕར་བར་དམ་པོར་དམིགས་ཏེ་ཀུན་ཕན་རང་བཞིན་གྱི་ལས་རིགས་རྩལ་ནུས་གསོ་སྦྱོང་སྣ་ཚོགས་སྒྲིག་འཛུགས་བྱེད་ནས་རྩལ་ནུས་དང་འཇོན་ཐང་བསླབ་པའི་དམངས་འཚོར་ཞབས་འདེགས་ཏན་ཏིག་ཞུ་བ་དང་།མང་ཚོགས་སྔར་ལས་མང་བས་རྩལ་ནུས་སྦྱོང་བ་དང་།འཇོན་ཐང་ཆེ་རུ་གཏོང་བ། ཡོང་འབབ་མང་དུ་གཏོང་བ་བཅས་བྱས་ཏེ་འཇོ་མདའ་རྫོང་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་ཆེད་མང་ཚོགས་ཚོགས་པའི་སྟོབས་ཤུགས་འཕར་བ་བྱ་རྒྱུ་རེད།

