འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་31ཉིན་ནས་ཟླ་9ཚེས་1ཉིན་བར། ཁ་རུབ་ཆུས་ཀྱིས“བདེ་སྐྱིད་སྒོ་མོ་ཕྱེ་ནས་རྒན་རྒོན་དང་བྱིས་པར་ལྟ་སྐྱོང་བྱེད་པ”ཡི་ཤེས་དཔལ་ལག་ལེན་བྱེད་སྒོ་སྤེལ་འགོ་ཚུགས་པ་དང་། རྒན་རྒོན་ལ་རིན་མེད་ངང་འོས་འགན་སྨན་བཅོས་བྱས་ཡོད། སྨན་དོན་དང་བླངས་པ་ཚོས་ཁོངས་གཏོགས་ཁུལ་གྱི་རྒན་རྒོན་ལ་ཁྲག་ཤེད་བརྟག་དཔྱད་བཟོ་རོགས་བྱས་པ་དང་། ལུས་པོའི་བདེ་ཐང་ལ་བརྟག་དཔྱད་ཀྱི་རྣམ་གྲངས་མང་པོ་བསྒྲུབ་པ་མ་ཟད། ལུས་གསོ་བདེ་ཐང་སྐོར་གྱི་ཤེས་བྱར་འགྲེལ་བཤད་བརྒྱབ་པ་དང་། རྒྱུན་སྤྱོད་སྨན་རྫས་དང་འཚོ་བཅུད་རྒྱུ་ཆ་རིན་མེད་ངང་སྤྲད་པས། རྒན་རྒོན་མི་སྣ100ལ་ཕན་པ་ཐོབ་ཡོད་པ་རེད།

