国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年09月04日

དམངས་ལ་ཁྲིམས་ལུགས་སྒྲོག་འགྲེལ་བྱས། མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི《མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ཀྱི་ཆེད་དོན་སྒྲོག་འགྲེལ་ཚོགས་འདུ་དེ་རང་རེའི་གྲོང་ཁྱེར་གྱི་སྨར་ཁམས་དང་སྟེང་ཆེན་སོགས་རྫོང་དུ་འཚོགས་ནས། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་ཕྱོགས་ནས་བཅའ་ཁྲིམས་ཁྱབ་གདལ་གྱི་སྒྲོག་འགྲེལ་བྱས་ཏེ། རྒྱ་ཆེའི་གཞི་རིམ་མང་ཚོགས་ལ་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་སྐྱོང་ནང་དོན་དང་དུས་རབས་ཀྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱ་རྒྱུར་ཁྲིད་སྟོན་བྱས་པ་རེད།

སྒྲོག་འགྲེལ་ཚོགས་འདུའི་ཐོག སྒྲོག་འགྲེལ་དགེ་རྒན་གྱིས་བཅའ་ཁྲིམས་ཀྱི་ཁྲིམས་འཛུགས་རྒྱབ་ལྗོངས་དང་། ལྟེ་བའི་དོན་གནད། གཙོ་གནད་དོན་ཚན་བཅས་ལ་དམིགས་ནས། བོད་ཀྱི་མི་རིགས་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། གྱོད་གཞིར་བརྟེན་ནས་བཅའ་ཁྲིམས་ལ་འགྲེལ་བཤད་བརྒྱབ་ནས། མི་རིགས་འབྲེལ་བ་ཚད་ལྡན་དུ་གཏོང་བ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཁེ་དབང་འགན་ལེན་བྱེད་པ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་བཅའ་ཁྲིམས་ཀྱི་ནུས་པ་གལ་ཆེན་ལ་བརྒྱུད་རིམ་ལྡན་པའི་ངང་འགྲེལ་བཤད་བརྒྱབ་པ་རེད། “མི་རིགས་མཐུན་སྒྲིལ་ཞེས་པ་ཁྱིམ་མཚེས་འཆམ་མཐུན་མཉམ་གནས་ཁོ་ནར་གོ་བ་ལེན་པ”ཞེས་པའི་ཕྱོགས་རེ་བའི་གོ་བར་ཡོ་བསྲང་བྱས་པ་དང་། མི་རིགས་མཐུན་སྒྲིལ་ནི་བཅའ་ཁྲིམས་ཀྱི་གཞི་འཛིན་ས་གསལ་པོ་ཡོད་པ་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་ནན་པོ་བྱེད་པའི་ལས་དོན་གལ་ཆེན་ཡིན་པ་གསལ་བཤད་བྱས་ཡོད།

སྟེང་ཆེན་རྫོང་དུ། རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པ་ཡིས་ཁྲིམས་འཛུགས་ཀྱི་རྒྱབ་ལྗོངས་དང་། ལྟེ་བའི་དོན་གནད། གཙོ་གནད་དོན་ཚན། གཞི་རིམ་གྱི་ལག་ལེན་ཐབས་ལམ་བཅས་ལ་དམིགས་ནས་བརྒྱུད་རིམ་ལྡན་པའི་ངང་གསལ་འགྲེལ་བྱས་པ་དང་། སྙན་ཞུའི་རིགས་པའི་གཞུང་ལུགས་གཏིང་ཟབ་པ་དང་། གྱོད་དཔེ་ཞིབ་ཅིང་ཕྲ་བ། གཞི་རིམ་གྱི་མི་རིགས་ཆོས་ལུགས་ལས་དོན་གྱི་དོན་དངོས་དང་མཐུན་པ་བཅས་བྱུང་ཡོད།

གོམ་སྟབས་རྗེས་མར། སྨར་ཁམས་དང་སྟེང་ཆེན་རྫོང་གཉིས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་རྒྱུན་མཐུད་ངང་རྒྱུན་རྣམ་ཅན་དུ་སྤེལ་ནས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་རང་རྟོགས་ངང་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”འདུ་ཤེས་ཟབ་ཏུ་བཏང་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་མི་རིགས་མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་རྒྱུ་རེད།