འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9པའི་ཚེས2ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་དང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟླ་8པའི་ཚེས་28ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་ལ་འདམ་རྡོའི་ཆུ་རུད་ཀྱིས་གནོད་འཚེ་ཕོག་པར་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། སྲིད་གཞུང་ཁོངས་གཏོགས་ཀྱི་ལག་བསྟར་དོན་འཁྱོལ་བྱ་ཐབས་ཁག་ལ་ཞིབ་འཇུག་ཀྱང་བྱས་པ་རེད།
ཚོགས་འདུ་འགོ་ཚུགས་སྐབས་ཚང་མ་ཡར་བཞེངས་ནས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་ཆུ་རུད་ཀྱི་གནོད་འཚེའི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་ལ་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།
ཚོགས་འདུ་ཡིས་ཚན་པ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རང་སྐྱོང་ལྗོངས་ཏང་ཨུད་དང་གྲོང་ཨུད་བཅས་ཀྱི་ལས་དོན་བཀོད་སྒྲིག་ལྟར། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་ཅིང་། མཐའ་ཚད་སྲུང་བའི་བསམ་བློ་དང་། གཟབ་ནན་གྱི་བསམ་བློ་བརྟན་པོ་བཙུགས་ཏེ། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་བྱ་ཐབས་ཁག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་ཡག་པོ་བྱེད་དགོས་ཞེས་བསྟན།
ཚོགས་འདུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨང་གཞིའི་སློབ་གསོའི་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པར་འགྲེམས་བྱས་པའི《སློབ་གསོ་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཡོད། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་ལས་འགན་ལ་དམ་པོར་དམིགས་ཏེ།སློབ་གསོ་དང་། ཆབ་སྲིད། མི་དམངས། འཐབ་ཇུས་བཅས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པ་དང་སློབ་གསོའི་ཆོས་ཉིད་ལ་བརྩི་སྲུང་བྱེད་ནས། “ཉུང་གཏོང་གཉིས”ཀྱི་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། མི་གསོ་སྐྱོང་ལ་ཁྲིད་སྟོན་མངོན་གསལ་དོད་པོ་ཡོང་བ་བྱེད་ཅིང་། སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི་བསམ་བློ་དང་ཆབ་སྲིད་ཀྱི་སྟོབས་ཆེའི་ལས་སྟེགས་བསྐྲུན་པ་དང་། ཀུན་སྤྱོད་ཀྱི་སློབ་གསོའི་འཐབ་ས་ཡག་པོ་སྤྱོད་པ། ལོ་ན་མ་སོན་པའི་མིའི་བསམ་བློ་དང་ཀུན་སྤྱོད་འཛུགས་སྐྱོང་ལ་དམ་འཛིན་བཅས་བྱེད་དགོས། ཚན་རིག་དང་མཐུན་པའི་སློབ་གསོ་དང་ལུས་རྩལ་མཉམ་འདྲེས་ཡོང་བར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་སྟེ། སློབ་གསེང་ལུས་རྩལ་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་དང་། ཕྱོགས་ཡོངས་ནས་སློབ་མ་རྣམས་བདེ་ཐང་ངང་འཚར་ལོངས་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

