国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年09月04日

ཆབ་མདོས་གནོད་འགོག་གནོད་སེལ་གྱི་དམག་འཐབ་ཡག་པོ་བརྒྱབ་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར།ཆར་པ་བསྟུད་མར་བབས་པ་ལ་དམིགས་ཏེ། ཆབ་མདོས་རི་མཐོ་གཡང་གཟར་དང་ས་གཤིས་རྙོག་འཛིང་ཆེ་བའི་དོན་དངོས་ལ་གཞི་ཚུགས་པ། ཉེ་དུས་ཆར་པ་མང་པོ་བབས་པར་དམིགས་པ་བཅས་བྱས་ནས། ཉེན་ཁའི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ། གེགས་འགོག་གེགས་སེལ་གྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ཡོད།

ཆུ་བྲུབ་པའི་ཚུན་དུ། ཆབ་མདོ་གྲོང་ཁྱེར་གནམ་གཤིས་ཅུད་ཀྱིས་ཆུ་འབྲུབ་དུས་ཀྱི་གནམ་གཤིས་ཁྱད་ཆོས་དང་གནམ་གཤིས་འགྱུར་ལྡོག་འགྲོ་ཕྱོགས་ལ་དམ་པོར་དམིགས་ཏེ་ལྟ་ཞིབ་ཚད་ལེན་དང་། སྔོན་བརྡ་གཏོང་བ། གྲོས་མོལ་དང་ཞིབ་འཇུག་བརྡར་གཅོད་བཅས་བྱས་ཏེ་བརྒྱུད་རིམ་ཧྲིལ་པོའི་ལས་དོན་ལ་ཞབས་འདེགས་ཞུས་ནས་གྲོང་ཁྱེར་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་གནད་སྨིན་ཇུས་བསྟར་དང་སྔོན་ཚུད་ནས་ཉེན་གཡོལ་བྱ་ཆེད་ཚན་རིག་དང་མཐུན་པའི་གནམ་གཤིས་ཀྱི་འདེགས་སྐྱོར་བྱས་པ་རེད།

གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུད་ཀྱིས་འབྱུང་རྩ་ནས་དོ་དམ་ཚོད་འཛིན་དང་། གནད་སྨིན་གྲལ་བཤེར། འགུལ་རྣམ་བཅོས་སྒྲིག་བཅས་མཐའ་འཁྱོངས་ཀྱིས་རང་བྱུང་གྲོང་ཚོ་ཉིད་གཞི་རྩའི་ཚན་པར་བྱས་ཏེ། གྲོང་ཚོ་རེ་རེར་ཉེན་ཁ་གྲལ་བཤེར་བྱེད་པ་དང་། སྔོན་ཚུད་ནས་ཉེན་བརྡ་གཏོང་བའི་ལས་ཀའི་ལམ་སྲོལ་དོན་འཁྱོལ་བྱས་ཏེ། དུད་ཚང་དང་མི་སྒེར་ལ་བརྡ་ཐོ་གཏོང་རྒྱུར་སྐུལ་འདེད་བཏང་བ་རེད།

གྲོང་ཁྱེར་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་རྙོག་འཛིང་ཆེ་བའི་དུས་བབ་ལ་དམིགས་ནས། ཆབ་མདོ་གྲོང་ཁྱེར་གྱི་འཕྲལ་སྡོམ་དོ་དམ་ཚན་པ་ཡིས་ཟླ་8པའི་ཚེས་7ཉིན《བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་ཐོལ་བྱུང་དོན་རྐྱེན་གྱི་སྤྱིའི་འཕྲལ་སྡོམ་སྔོན་ཇུས》བཟོས་ནས་པར་འགྲེམས་བྱས་ཏེ“1+36+69”ཡི་སྔོན་ཇུས་མ་ལག་གསར་པར་ལེགས་སྒྲིག་བྱས་པ་རེད། མིག་སྔའི་བར། འཕྲལ་སྡོམ་ནང་སྦྱོང་ཐེངས་116བྱས་པར་མི་ཐེངས་ཁྲི1.8ཞུགས་རྒྱུར་མཛུབ་ཁྲིད་བྱས་པ་རེད། དེ་དང་ཆབས་ཅིག་ཟླ་9པར་སྒྲིག་འཛུགས་བྱེད་རྩིས་ཡོད་པ་རེད།