གཅིག ཉེན་ཁ་ཆེ་བའི་མི་ཚོགས་ནི་གང་དག་ཡིན།
1、རི་སྐེད་དང་གཟར་ངོས་སུ་འགོག་སྲུང་ཅི་ཡང་བྱས་མེད་པའི་སྡོད་ཁང་།2、ཆུ་འགྲམ་མམ་གྲོག་རོང་དུ་གཞི་སྡོད་བྱས་པའི་གྲོང་མི།3、ཆར་ཆུ་མོད་དུས་རི་མགོ་དང་གྲོག་རོང་དུ་ལས་ཀ་བྱེད་པའམ་སྤྲོ་གསེང་གཏོང་མཁན།
གཉིས། ཉེན་ཁ་མ་བྱུང་སྔོན་གྱི་སྔ་ལྟས་གང་དག་ཡོད།
1、གློ་བུར་དུ་ཆུ་ཉོག་པར་གྱུར་བའམ་ཆུ་རྒྱས་པ།2、རི་ངོས་ལ་གས་ཁ་ཤོར་བའམ་ལྡེབས་ངོས་ཀྱི་ལྗོན་ཤིང་ཡོམ་པ།3、གྲོག་རོང་ནས་སྒྲ་ཡ་མཚན་གྲགས་པ།4、སྲོག་ཆགས་དང་སྐྱེ་དངོས་ལ་རྒྱུན་ལྡན་མིན་པའི་སྣང་ཚུལ་བྱུང་བ།
གསུམ། རང་འགུལ་གྱིས་ཉེན་གཡོལ་བྱེད་ཐབས།
1、དུས་ཐོག་ཏུ་གནམ་གཤིས་འགྱུར་ལྡོག་དང་རང་བྱུང་གནོད་འཚེའི་ཉེན་བརྡ་ལ་དོ་སྣང་བྱ་རྒྱུ།2、དྲག་ཆར་འབབ་སྐབས་རི་ཁུལ་དུ་མི་འགྲོ་བ།
3、ཆུ་འགྲམ་དང་གྲོག་ཁུལ་དུ་ཡོད་པའི་རང་བྱུང་གནོད་འཚེའི་མཚོན་རྟགས་རི་མོ་ལ་ལྟ་ཞིབ་བྱས་ནས་མྱུར་དུ་ཉེན་ཁའི་གནས་དང་ཁ་བྲལ་བ།4、ཆུ་འགྲམ་དང་རགས་ཁ།ཟམ་ཕུག་སོགས་སུ་འཆམ་འཆམ་དང་སྤྲོ་གསེང་མི་བྱེད་པ།
བཞི།ཆུ་ལོག་ལ་ཇི་ལྟར་ཁ་གཏོད་དགོས།
1、རི་ཁུལ་དུ་ཆུ་ལོག་བྱུང་ཚེ། མྱུར་དུ་ཆུ་ཤུར་གྱི་འགྲམ་ངོགས་སུ་གནས་སྤར་རྒྱུ་ལས་ཆུ་ལོག་རྒྱུག་ཕྱོགས་སུ་འགྲོ་མི་རུང་།2、ཆུ་ལོག་བྱུང་ནས་འགྲོ་ལམ་ཆད་དུས་འབྲེལ་ཡོད་སྡེ་ཁག་ལ་མྱུར་དུ་འབྲེལ་བ་བྱས་ནས་རང་ཉིད་ཡོད་སའི་ས་གནས་གསལ་བོར་བཤད་དགོས།3、ཆུ་ལོག་རྒྱས་ནས་སྡོད་སར་ཉེན་ཁ་བྱུང་དུས། མྱུར་དུ་ཆུ་ཁར་གཡེང་སླ་བའི་དངོས་པོ་བཙལ་ནས་ཉེན་ཁ་ལས་གཡོལ་ཅི་ཐུབ་བྱེད་དགོས།4、གལ་ཏེ་ཆུས་ཁུར་བ་ཡིན་ན། ངེས་པར་དུ་འགུལ་མེད་དངོས་པོ་དང་གཡེང་སླ་བའི་དངོས་པོར་དམ་པོར་འཇུས་ནས་སྲོག་ཉེན་ལས་ཐར་བར་གླག་བཙལ་དགོས།
ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

