ཟླ་8པའི་ཚེས་27ཉིན་ནས་ཚེས31ཉིན་བར།“གཙང་གསུམ་གྱི་སྔོ་ལྗང་། ཆབ་མདོའི་འཕོ་འགྱུར”ཞེས་པའི་ཆབ་མདོ་གྲོང་ཁྱེར་གྱི“ལོ་ལྔ་ཚན་བཅུ་བཞི་པའི”སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་པར་རིས་འགྲེམས་སྟོན་དེ་ཁ་རུབ་ཆུས་ཐེན་ཅིན་ཐང་ཆེན་དུ་གཟབ་རྒྱས་ངང་གཉེར་བ་རེད། པར་རིས་རྩེ་གྲ300ལྷག་གིས་འདས་པའི་ལོ་ལྔའི་རིང་གི་ཆབ་མདོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་ཐོབ་པའི་མངོན་གསལ་ཆེ་བའི་ཕན་འབྲས་མངོན་པར་བྱས་ཡོད།
ལོ་ལྔའི་རིང་། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་བཅས་ཀྱི་འོག ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།
(པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས། རི་ཆུ་ནགས་ཞིང་དང་མཚོ་རྩྭ་བྱེ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་ཏན་ཏིག་ངང་སྐུལ་འདེད་བཏང་བས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་འཐུས་ཚང་དུ་སོང་བ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་མགྱོགས་མྱུར་གྱིས་ཆེ་རུ་ཕྱིན་པ། སྐྱེ་ཁམས་ཤེས་དཔལ་གྱི་ལམ་ལུགས་དང་སྒྲིག་གཞི་རྒྱུན་ཆད་མེད་པར་ལེགས་སུ་སྒྱུར་བ། བོད་ཤར་གྱི་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་མགྱོགས་ལ་བརྟན་པོ་བྱུང་ཡོད།
ཐོག་མཐའ་བར་གསུམ་དུ་ཏང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་འགོ་འཁྲིད་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ལོ་ལྔའི་རིང་བསྡོམས་རྩིས་བྱས་ན་གྲོང་ཨུད་ཀྱི་ཆེད་དོན་ཚོགས་འདུ་དང་། གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ། འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་སོགས་ཐེངས200ཡས་མས་འཚོགས་ཏེ། གྲོང་ཁྱེར་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་བཀོད་སྒྲིག་དང་སྐུལ་འདེད་བཏང་བ་དེས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཁ་ཕྱོགས་གསལ་སྟོན་དང་བྱ་ཐབས་གཏན་འཁེལ་བྱས་ཡོད་པ་རེད།
གྲོང་ཨུད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་འགོ་ཁྲིད་ཚོགས་ཆུང་སྒྲིག་འཛུགས་བྱས་པའི་ཁར།《ཆབ་མདོ་གྲོང་ཁྱེར་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་བསྐྲུན་རྒྱུའི་ལག་བསྟར་ཇུས་གཞི(2022—2026)》དཔར་འགྲེམས་ལག་བསྟར་བྱས་ནས་གཙོ་གནད་ལས་འགན་ཁག410དང་། གཙོ་གནད་རྣམ་གྲངས49 ཚད་གཞི་རང་བཞིན་གྱི་ལས་གྲྭ12བཅས་དུས་ལྟར་ལེགས་གྲུབ་བྱུང་ཡོད། འཇོ་མདའ་རྫོང་དང་སྟེང་ཆེན་རྫོང་གཉིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་འཛུགས་གཏོད་བྱས་པ་དང་། བྲག་གཡབ་རྫོང“རི་གཉིས”ལག་ལེན་གསར་གཏོད་རྟེན་གཞི་འཛུགས་གཏོད་ལེགས་གྲུབ་བྱུང་བ། ལྷོ་རོང་རྫོང་སྒྲོལ་མ་ལྷ་མཚོར2025ལོའི་ལོ་འཁོར་གྱི་རྒྱལ་ཁབ་རིམ་པའི་བདེ་སྐྱིད་ཆུ་བོ་ཞེས་པའི་མཚན་སྙན་ཐོབ་ཡོད་པ་རེད།
སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་གནམ་སྔོན་པོ་དང་ཆུ་དྭངས་མོ། ས་གཙང་མའི་དམག་འཐབ་ཡག་པོ་རྒྱག་དགོས།《ཆབ་མདོ་གྲོང་ཁྱེར་གྱི་མཁའ་དབུགས་སྤུས་ཚད་ལེགས་སུ་གཏོང་རྒྱུའི་བྱ་སྤྱོད་ལག་བསྟར་ཇུས་གཞི》དཔར་ཏེ་ཨར་འདམ་ལས་རིགས་ཀྱི་འབུད་གཏོང་ཆེས་དམའ་བའི་སྒྱུར་བཀོད་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་ནས། སྣུམ་སྣོན་ས་ཚིགས་ཀྱི83གྱི་སྣུམ་རླངས་སྒྲིག་ཆས་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པ་དང་། འགྲོ་ལམ་མིན་པའི་སྒུལ་བདེའི་འཕྲུལ་ཆས1961ཐོ་འགོད་ལེགས་གྲུབ་བྱུང་ནས་གྲོང་ཁྱེར་ཡོངས་ཀྱི་མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་བསྡུར་ཚད100%ཟིན་ཡོད།
《ཆབ་མདོ་གྲོང་ཁྱེར་གྱི་ཐཱན་རྩེར་སོན་ལག་བསྟར་ཇུས་གཞི》ཞེས་པ་ཞིབ་འཇུག་གཏན་འབེབས་བཟོས་ཏེ་ཐོན་ཁུངས་དང་། བཟོ་ལས། འགྲིམ་འགྲུལ། འཛུགས་སྐྲུན་སོགས་ཁྱབ་ཁོངས་གཙོ་བོའི་བཙོག་འཕྲི་ཐཱན་ཉུང་གི་བྱ་སྤྱོད་སྤེལ་ནས་ཐཱན་འབུད་གཏོང་གི་རྩེ་ཚད་ཚད་ལེན་ཞིབ་རྩིས་དང་དེ་བཞིན་ཐབས་ལམ་ཞིབ་འཇུག་ལེགས་གྲུབ་བྱས་ཡོད་པ་རེད། གྲོང་ཚོ603གྱི་ཁོར་ཡུག་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་དང་། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ112འཛུགས་སྐྲུན་བྱས་པ། གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་དྭངས་སྙིགས་ཕྱེ་བ་ལས་ཕན་པ་ཐོབ་པའི་ཞིང་དུད541ཟིན་པ། གད་སྙིགས་རིགས་དབྱེའི་བསྡུ་རུབ་ས་ཚིགས1007བསྐྲུན་ཟིན་ཏེ“རྫོང་དང་། ཤང་། གྲོང་ཚོ”བཅས་རིམ་པ་གསུམ་གྱི་གད་སྙིགས་དབོར་འདྲེན་ཀུན་ལ་ཁྱབ་ཡོད།
ཆབ་མདོ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཅུས་ཀྲང་གཞོན་པ་འཇམ་དབྱངས་བསོད་ནམས་ཀྱིས་གསར་འགོད་པར་བཤད་རྒྱུར།“ལོ་ལྔ་ཚན་བཅུ་བཞི་པའི”སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལག་ལེན་དང་གསར་གཏོད་ཀྱིས“ལོ་ལྔ་ཚན་བཅོ་ལྔ་པའི”སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་པའི་ལས་དོན་ཁག་ཡག་པོ་སྒྲུབ་རྒྱུར་ཕན་ལྡན་གྱི་གོ་རྟོགས་མཁོ་འདོན་དང་རྩ་ཆེ་བའི་ཉམས་མྱོང་གསོག་འཇོག་བྱས་ཡོད།“ལོ་ལྔ་ཚན་བཅོ་ལྔ་པའི”རིང་། ཆབ་མདོ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་ལག་བསྟར་མ་ལག་གཏིང་ཟབ་དོན་འཁྱོལ། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་གཏིང་ཟབ། སྐྱེ་ཁམས་བདེ་འཇགས་ཀྱི་མཐུན་སྦྱོར་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། རང་ངོས་ཀྱི་ཁྲིམས་བསྟར་ལྟ་སྐུལ་དོ་དམ་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་བོད་ཤར་གྱི་ས་མཐོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་པའི་ལེའུ་གསར་པ་ཧུར་ཐག་རྩོམ་རྒྱུ་ཡིན།

