国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年09月01日

“བསོད་ནམས་ཆེ་བའི་གློག་བརྙན། ས་མཐོར་དྲོ་སྐྱིད་སྦྱིན”ཞེས་པ་བོད་དུ་བསྐྱོད་པའི་གཟིགས་འབུལ་མཛད་སྒོ་དང་གྲོང་གསེབ་ལ་སྤྱི་ཕན་གློག་བརྙན་སྟོན་པའི་སྒྲིག་ཆས་སྤྲོད་པའི་མཛད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ8པའི་ཚེས28ཉིན།“བསོད་ནམས་ཆེ་བའི་གློག་བརྙན། ས་མཐོའི་དྲོ་སྐྱིད་སྦྱིན”ཞེས་པ་བོད་དུ་བསྐྱོད་པའི་གཟིགས་འབུལ་མཛད་སྒོ་དང་གྲོང་གསེབ་ལ་སྤྱི་ཕན་གློག་བརྙན་སྟོན་པའི་སྒྲིག་ཆས་སྤྲོད་པའི་མཛད་སྒོ་ཆབ་མདོར་སྤེལ་བ་རེད། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ཧྥུའུ་ཅན་ཞིང་ཆེན་གྱི་ཁག་བཅུ་གཅིག་པའི་བོད་སྐྱོར་ལས་དོན་རུ་ཁག་གི་རུ་གཙོ་ཧོང་གོ་ཅན་མཛད་སྒོར་ཞུགས་ཡོད།

གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཀྲང་རིམ་པ་དང་པོའི་སྐོར་ཞིབ་པ་དངོས་གྲུབ་ཟླ་བ་བྱེད་སྒོ་ཞུགས་ཡོད།

བྱེད་སྒོ་ཡིས་གློག་བརྙན་སྦྲེལ་ཐག་ཏུ་བཟུང་ནས་ཧྥུའུ་ཅན་དང་བོད་ཀྱི་རིག་གནས་སྤེལ་རེས་ཟབ་གཏོང་དང་། གཞི་རིམ་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་སྟེ། ཧྥུའུ་ཅན་དང་བོད་ས་གནས་གཉིས་ཀྱི་རིག་རྩལ་སྤེལ་རེས་ལེན་རེས་བྱས་ཡོད།

ཐེངས་འདིའི་བྱེད་སྒོ་ནི་ཧྥུའུ་ཅན་ཞིང་ཨུད་དྲིལ་བསྒྲགས་པུས་མཛུབ་ཁྲིད་བྱས་པ་དང་། ཧྥུའུ་ཅན་ཞིང་ཆེན་གློག་བརྙན་ཅུས་དང་ཆབ་མདོ་གྲོང་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་བྱས་པ་ཞིག་ཡིན། 2026ལོའི་ཟླ8པ་ནས་ཟླ12 པའི་བར་རྒྱུན་མཐུད་ངང་ཆབ་མདོ་གྲོང་ཁྱེར་དང་དེ་བཞིན་ཁོངས་གཏོགས་ཀྱི་རྫོང་ཁག་ལ་ཁྱབ་པ་བྱ་རྒྱུ་རེད།

ཧྥུའུ་ཅན་ཞིང་ཨུད་དྲིལ་བསྒྲགས་པུའི་མ་དངུལ་གྱི་རྒྱབ་སྐྱོར་འོག བྱེད་སྒོར་སྔོན་དཔག་བྱས་ན་སྒོར་ཁྲི22.6འགྲོ་སོང་གཏོང་རྒྱུ་དང་། ཧྥུའུ་ཅན་གྱི་ཡུལ་སྲོལ་གོམས་གཤིས་མཚོན་པའི་ཁྱད་ལྡན་གློག་བརྙན200འདེམས་གསེས་བྱས་ཏེ་ཞིང་འབྲོག་ཁུལ་དང་། སློབ་གྲྭ སྡེ་ཁུལ། མཐའ་མཚམས་སོ་ལྟ་ཁང་བཅས་སུ་སྤྱི་ཕན་གློག་བརྙན་སྟོན་པ་དང་། དུས་མཚུངས་སུ་གཞི་རིམ་གྱི་གློག་བརྙན་སྟོན་མཁན་རུ་ཁག་ལ་འཁྱེར་བདེའི་བརྙན་ཤེལ་དང་འདེགས་སྒྲོམ་ཆ་ཚང80སྤྲད་པ་དང་། མཐོ་སྒང་གི་ཁོར་ཡུག་ཁྲོད་གྱོན་རྒྱུར་འཚམ་པའི་སྟོད་གོས་དང་རྔུལ་ལེན་ལས་གོས80སྔོན་བཟོ་བྱས་ཏེ། གཞི་རིམ་གྱི་གློག་བརྙན་སྟོན་པའི་མཁོ་ཆས་ཀྱི་ཞན་ཆ་གསབ་ནས། ཐག་རིང་ལུང་ཁུག་ས་ཁུལ་གྱི་གློག་བརྙན་སྟོན་པའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་ཡིན་པ་རེད།