国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年09月01日

“དམར་མདངས་ཆབ་མདོ། གཅེས་སེམས་མཉམ་སྐྱོད”ཅེས་པའི་སྤྱི་ཕན་ཞལ་འདེབས་ འབུལ་བའི་བྱེད་སྒོ་འཇོ་མདའ་རྫོང་དུ་བསྐྱོད་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། “དམར་མདངས་ཆབ་མདོ། གཅེས་སེམས་མཉམ་སྐྱོད”ཅེས་པའི་སྤྱི་ཕན་ཞལ་འདེབས་འབུལ་བའི་བྱེད་སྒོ་རང་རེའི་གྲོང་ཁྱེར་གྱི་འཇོ་མདའ་རྫོང་དུ་བསྐྱོད་པ་རེད།

ཐེངས་འདིའི་སྤྱི་ཕན་ཞལ་འདེབས་འབུལ་བའི་བྱེད་སྒོ་སྔ་རྗེས་སུ་འཇོ་མདའ་རྫོང་དམིགས་བསལ་དཀའ་ངལ་ཡོད་པའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་དང་། སྐམ་ཐོག་གྲོང་རྡལ་དར་དམར་ཐང་ཆེན། འདན་ཁོག་ཤང་གསར་བརྗེའི་ཐང་ཆེན་བཅས་སུ་གོ་རིམ་ལྡན་པའི་ངང་སྤེལ་བ་རེད། ས་གནས་ཁག་གི་དགེ་སྒྲུབ་ཚོགས་པས་འཇོ་མདའ་རྫོང་ལ་ཞལ་འདེབས་རིན་ཐང་སྒོར་ཁྲི45རི་བའི་གཅེས་སེམས་དངོས་ཟོག་སྤྲད་དེ་སྤྱི་ཚོགས་ཀྱི་ཐུགས་ཁུར་དང་དྲོད་འཁོལ་ཟབ་མོ་རྒན་རྒོན་མི་ཧྲེང་དང་། དཀའ་ངལ་ཡོད་པའི་མང་ཚོགས་དེ་བཞིན་གཞོན་ནུ་ལོ་ཆུང་གི་སློབ་མའི་ལག་ཏུ་བསྐྱལ་ནས་དམངས་འཚོའི་བརྩེ་སེམས་དོན་ཐོག་ཏུ་འཁྱོལ་བར་བྱས་ཡོད།

སི་ཁྲོན་ཞིང་ཆེན་ཅན་དབྱང་གྲོང་ཁྱེར་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པའི་ཚོགས་གཙོ་ཀྲའོ་ཡན་དབྱིན་གྱིས། ད་ལོའི་ཟླ3པར་བོད་རང་སྐྱོང་ལྗོངས་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པས་ལྷག་བསམ་རྣམ་དག་གིས་གདན་འདྲེན་བྱས་པ་ལྟར། ཅན་དབྱང་གྲོང་ཁྱེར་གྱིས“དམར་མདངས་ཆབ་མདོ། གཅེས་སེམས་མཉམ་སྐྱོད”ཅེས་པའི་སྤྱི་ཕན་ཞལ་འདེབས་འབུལ་བའི་བྱེད་སྒོ་ནང་ཧུར་ཐག་ངང་ཞུགས་པ་ཡིན། གཅེས་སེམས་ཀྱི་དངོས་ཟོག་འདི་དག་གིས་བོད་ཤར་གྱི་སློབ་མའི་སློབ་སྦྱོང་དང་འཚོ་བའི་ཆ་རྐྱེན་ཏན་ཏིག་གིས་ལེགས་སུ་བཏང་ནས་ཕྲུ་གུ་ཚོ་བློ་བདེའི་སློབ་སྦྱོང་དང་འཚར་ལོངས་ཡོང་རྒྱུའི་རེ་བ་ཡོད་ཅེས་བཤད།

འཇོ་མདའ་རྫོང་དམངས་སྲིད་དང་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་ཅུས་ཀྱི་ལས་དོན་མི་སྣ་འཛོམས་ལྷ་སྒྲོལ་མ་ཡིས། ཐེངས་འདིའི་བོད་རང་སྐྱོང་ལྗོངས་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པ་ཡིས་སི་ཁྲོན་ཞིང་ཆེན་དགེ་སྒྲུབ་ཁོངས་གཏོགས་དང་མཉམ་འབྲེལ་སྒོས་སྤེལ་བའི་ཞིང་ཆེན་བརྒལ་བའི་སྤྱི་ཕན་རོགས་སྐྱོར་གྱིས་བསྙེན་བཀུར་ལྟེ་གནས་ཀྱི་རྒན་རྒོན་ཚོར་དངོས་ཟོག་གི་རོགས་སྐྱོར་ཙམ་མ་ཟད་སྤྱི་ཚོགས་ཡོངས་ཀྱིས་རྒན་བཀུར་རྒན་གཅེས་དང་ཉམས་ཆུང་ཚོགས་སྤྱིར་གཅེས་སྐྱོང་བྱེད་པའི་བརྩེ་བ་ཟབ་མོ་བརྒྱུད་བསྒྲགས་ཀྱང་བྱས་ཡོད་ཅེས་བཤད།