国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年09月01日

ཀྲོང་ཅིན་སུང་གིས་ལིན་ཁྲུན་ཧྥུའུ་དང་བཞུགས་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ8པའི་ཚེས28ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་བོད་རང་སྐྱོང་ལྗོངས་སི་ཁྲོན་ཚོང་ཚོགས་དང་སི་ཁྲོན་ཞིང་ཆེན་བོད་ལྗོངས་ཚོང་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་ལིན་ཁྲུན་ཧྥུའུ་དང་བཞུགས་མོལ་གནང་བ་རེད།

ཀྲོང་ཅིན་སུང་གིས་གྲོང་ཨུད་ཀྱི་ཚབ་ཞུས་ནས་ལིན་ཁྲུན་ཧྥུའུ་དང་བཅས་པ་ཆབ་མདོར་ཕེབས་པར་དགའ་བསུ་ཞུས་པ་རེད། ཁོང་གིས་ཆབ་མདོར་དམིགས་བསལ་གྱི་ཁྱད་ཆོས་མངའ་ཞིང་སྟོབས་ཤུགས་འཛོམས་པས། མིག་སྔར། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས“དོན་ཆེན་བཞིར”དམ་པོར་དམིགས་པ་དང་།“འཛུགས་གཏོད་བཞིར”ཤུགས་རྒྱག་པ།“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་བསྐྲུན་རྒྱུའི”ལས་དོན་དམིགས་ཚད་ལ་གཞིགས་ཏེ།“ལས་འགན་ཆེན་པོ་དགུ་ཡི་འདེགས་སྐྱོར”ལ་སྐུལ་འདེད་ཧུར་ཐག་བཏང་བས་བྱ་གཞག་ཁག་འཕེལ་རྒྱས་མགྱོགས་པོ་ཕྱིན་ཡོད། ཚོང་ཚོགས་ཀྱིས་སྔོན་མ་ནང་བཞིན་ཆབ་མདོར་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། ནུས་རྒྱུ་གཙང་མ་དང་། འབྱུང་འཕྲོད་གཏེར་ལས། རིག་གནས་ཡུལ་སྐོར། འགྲིམ་འགྲུལ་འཛུགས་སྐྲུན། ཁྱད་ལྡན་ཞིང་འབྲོག་ལས་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་འབྲེལ་མཐུད་གཏིང་ཟབ་ཏུ་བཏང་ནས། གཉིས་ཁེའི་འཕེལ་རྒྱས་དེ་བས་མངོན་འགྱུར་ཡོང་བ་བྱ་རྒྱུའི་རེ་བ་ཡོད། ང་ཚོས“གཡོ་འགུལ་གཏན་ནས་མི་གཏོང་བ་གཉིས”དང“སྐྱོན་བྲལ་གཉིས”ཀྱི་མཛད་ཕྱོགས་སྲིད་ཇུས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་ཁེ་ལས་ཀྱིས་བློས་འཁེལ་བའི་ངང་མ་འཇོག་བྱེད་པ་དང་། བློ་བདེ་པོའི་ངང་འཕེལ་རྒྱས་གཏོང་ཐུབ་པ་བྱ་རྒྱུ་ཡིན་ཞེས་བསྟན།

ལིན་ཁྲུན་ཧྥུའུ་ཡིས་ཚོང་ཚོགས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་བྱས་པ་མ་ཟད། ཁོང་གིས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་དང་། སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཚོང་ལས་ལ་བརྟེན་ནས་ཚོང་འདྲེན་དང་ཚོང་འགུགས་བཅས་བྱས་ཏེ། ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པའི་བསམ་པ་བསྟན་ཡོད།