国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年08月28日

གྲོང་ཁྱེར་ཡོངས་ཀྱི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ8པའི་ཚེས24ཉིན། གྲོང་ཁྱེར་ཡོངས་ཀྱི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད་པ་རེད།

ཚོགས་འདུ་ཡིས་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་གཏིང་ཟབ་སྤེལ་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁྱོན་ཡོངས་དང་། བོད་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་བརྟན་ལྷིང་ཡོང་བ། མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་བཅས་དང་འབྲེལ་ཡོད།

གྲོང་ཁྱེར་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་བཀའ་བཞིན་བྱ་སྤྱོད་སྤེལ་བ་དང་བཀའ་ལྟར་ལག་ལེན་བསྟར་བ། སྤྱོད་ཚུལ་ལེགས་བཅོས་དང་དོན་འཁྱོལ་དམ་འཛིན་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀའ་གནང་མ་ཐག་དང་། ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་མ་ཐག ལྗོངས་ཏང་ཨུད་ཀྱིས་བླང་བྱ་བཏོན་མ་ཐག་ཆབ་མདོས་དོན་འཁྱོལ་དམ་འཛིན་གྱིས་ཕན་འབྲས་ཐོན་པར་བྱེད་དགོས་ཅེས་བསྟན་ཡོད།

ཚོགས་འདུ་ཡིས་མ་ལག་གི་བསམ་གཞིགས་མཐའ་འཁྱོངས་བྱེད་དགོས་ཤིང་། ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བཅས་ཀྱི་ལས་དོན་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བར་གཏིང་ཟབ་ཏུ་བཏང་ནས་མཉམ་ཤུགས་ཆགས་པ་དང་གྲུབ་འབྲས་ཆེ་རུ་གཏོང་དགོས། གནད་དོན་གྱི་ཁྲིད་ཕྱོགས་མཐའ་འཁྱོངས་བྱེད་དགོས་ཤིང་། ཁུངས་སྣེ་ལེབ་བཤེར་དང་གྱོད་གཞིར་འགག་སྒྲོལ། ལས་རིགས་བཅོས་སྒྲིག་བཅས་ལ་སྐུལ་འདེད་གཏོང་བ་དང་། ཁྲིམས་ལྟར་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་རིགས་ལ་རྡུང་རྡེག་ནན་མོ་བཏང་ནས“གཏན་ནས་མི་ཕོད་པའི”ཟིལ་གནོན་ཆགས་པ་བྱེད་དགོས། ཁྲིམས་ལྟར་བཅོས་སྐྱོང་མཐའ་འཁྱོངས་བྱེད་དགོས་ཤིང་། བཅའ་ཁྲིམས་ཀྱི་སྒྲོམ་བུ་སྤྱད་དེ་ནག་ཚོགས་ཡིན་མིན་གཅིག་ཀྱང་མ་ལུས་པར་དབྱེ་བ་གསལ་འབྱེད་ཐུབ་པར་བྱེད་དགོས། གྲི་དངོ་རང་གཏད་མཐའ་འཁྱོངས་བྱེད་དགོས་ཤིང་། “རྒྱབ་རྩ་གཏོར་རྒྱུར”སྐུལ་འདེད་གཏོང་བ་དང་། སྲིད་ཁྲིམས་ཉེས་ཁྲིམས་སྒྲིག་ཁྲིམས་སྦྲེལ་མཐུད་གཏིང་ཟབ། ཕུང་འདྲེ་རྩ་བ་ནས་སྔོག་འདོན་བཅས་བྱེད་དགོས། གྲོང་ཁྱེར་ཡོངས་ཀྱི་མཉམ་འགུལ་མཐའ་འཁྱོངས་བྱེད་དགོས་ཤིང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་གོང་འོག་འབྲེལ་མཐུད་དང་གཡས་གཡོན་སྦྲེལ་མཐུད། ལས་སྒྲུབ་སྤུས་ལྡན་བཅས་ཀྱི་ལས་ཀའི་མ་ལག་བསྐྲུན་ཏེ། རྒྱལ་ཁ་ཕུ་ཐག་ཆོད་པའི་གཡུར་ཟའི་གྲུབ་འབྲས་ཀྱི་ཐོག་ནས་ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྲུང་སྐྱོབ་བྱེད་དགོས་པའི་ནན་བཤད་བྱས་ཡོད།