ཆབ་མདོ་གྲོང་ཁྱེར་གྱི2025ལོའི་རིམ་པ་དེ་གའི་ནོར་སྲིད་ངེས་རྩིས་ལ་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་
རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས།
(2026ལོའི་ཟླ་8ཚེས་26ཉིན་ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཞེ་གཉིས་པའི་ཐོག་གྲོས་འཆམ་བྱུང་བ)
ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཞེ་གཉིས་པའི་ཐོག་གྲོང་ཁྱེར་ནོར་སྲིད་ཅུས་ཀྱི་ཅུས་ཀྲང་ཅང་ཡུས་པིང་གིས་ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་མངགས་བཅོལ་ལྟར་གནང་བའི《ཆབ་མདོ་གྲོང་ཁྱེར་གྱི2025ལོའི་ལོ་འཁོར་གྱི་རིམ་པ་དེ་གའི་ནོར་སྲིད་ངེས་རྩིས་སྐོར་གྱི་སྙན་ཞུ》《ཆབ་མདོ་གྲོང་ཁྱེར་གྱི2025ལོའི་ལོ་འཁོར་གྱི་སྔོན་རྩིས་ལས་རྗེས་ཀྱི་དོ་དམ་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུ》དང་། གྲོང་ཁྱེར་རྩིས་བཤེར་ཅུས་ཀྱི་ཅུས་ཀྲང་དངོས་གྲུབ་ཀྱིས་ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་མངགས་བཅོལ་ལྟར་གནང་བའི《ཆབ་མོད་གྲོང་ཁྱེར་གྱི2025ལོའི་ལོ་འཁོར་གྱི་རིམ་པ་འདི་གའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་ཀྱི་གཏོང་ཡོང་གཞན་དག་སྐོར་གྱི་རྩིས་བཤེར་ལས་དོན་སྙན་ཞུ》ཉན་པ་རེད།
ཚོགས་འདུའི་ཐོག་ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་བཏོན་པའི་ཞིབ་བཤེར་བྱས་འབྲས་ཀྱི་སྙན་ཞུར་མོས་མཐུན་བྱས་པ་དང་། ཆབ་མདོ་གྲོང་ཁྱེར་གྱི2025ལོའི་རིམ་པ་འདི་གའི་ནོར་སྲིད་ངེས་རྩིས་ལ་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།

