འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཆབ་མདོ་གྲོང་ཁྱེར་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་དང་བོད་ཤར་གྱི་དབུས་ཁུལ་དུ་ཆགས་པའི་ཁ་རུབ་ཆུས་ནི་གནའ་སྔ་མོ་ནས་བཟུང་། ཁྲོན་བོད་དང་། ཡུན་བོད། མཚོ་བོད་བཅས་ཀྱི་འགྲིམ་འགྲུལ་གྱི་འགག་གནས་ཡིན་ལ། ཇ་རྟ་གནའ་ལམ་ཐོག་གི་གྲོང་རྡལ་གལ་ཆེན་ཞིག་ཡིན།
ཡུན་རིང་མ་འགོར་གོང་། ཁ་རུབ་ཆུས་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་མཚན་སྙན་ཐོབ་པ་དང་། ས་གཞི་ཆེན་པོ་འདིས་ལོ་ངོ་ལྔ་སྟོང་གི་ཤེས་དཔལ་གསོག་འཇོག་དང་། སྟོང་ལོའི་གནའ་ལམ་གྱི་བརྩེ་བ་དང་དུས་རབས་གསར་པའི་བཅོས་སྐྱོང་ལག་ལེན་བཅས་གཞི་གཅིག་ཏུ་སྦྲེལ་ཏེ། མི་རིགས་ཁག་བར་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་གོང་འཕེལ་བཅས་ཀྱི་དུས་རབས་ཀྱི་ལེའུ་ཞིག་རྩོམ་རྒྱུ་རེད།

