国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年08月28日

གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཞེ་གཉིས་པ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་25ཉིན་ནས་ཚེས་26ཉིན་བར། གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཞེ་གཉིས་པ་འཚོགས་ཤིང་། གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་རེན་ཆིས་དབྱིང་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་ཞུས་ཡོད།

ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཆབ་མདོ་གྲོང་ཁྱེར་གྱི2026ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་གྱི་སྙན་ཞུ་དང་། 2026ལོའི་ལོ་སྟོད་ཀྱི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱ་ཚུལ་གྱི་སྙན་ཞུ་དེ་བཞིན་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཞིབ་བསམ་འཆར། 2025ལོའི་རིམ་པ་དེ་གའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་སྤྲོད་གཞན་དག་སྐོར་གྱི་རྩིས་བཤེར་ལས་དོན་སྙན་ཞུ། 2025ལོའི་རིམ་པ་དེ་གའི་ནོར་སྲིད་ངེས་རྩིས་ཀྱི་སྙན་ཞུ་དང་གྲོང་ཁྱེར་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱིས་བཏོན་པའི་ཞིབ་བཤེར་བྱས་འབྲས་སྐོར་གྱི་སྙན་ཞུ། 2025ལོའི་སྔོན་རྩིས་དོ་དམ་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་ཞུ། 2025ལོའི་ལོ་འཁོར་གྱི་སྲིད་གཞུང་གི་བུ་ལོན་དོ་དམ་བྱས་ཚུལ་སྐོར་གྱི་སྙན་ཞུ་དེ་བཞིན་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་བརྟག་ཞིབ་ཚོགས་ཆུང་གི་ལྟ་སྐུལ་བརྟག་ཞིབ་སྙན་ཞུ། གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་སྲིད་འཛིན་ཁྲིམས་འཛིན་ལས་དོན་སྒྲུབ་ཚུལ་སྐོར་གྱི་སྙན་ཞུ། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་བརྟག་ཞིབ་ཚོགས་ཆུང་གི་ཞིང་གསུམ་ལས་དོན་སྤེལ་བ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་བའི་གནས་ཚུལ་སྐོར་གྱི་ཆེད་དོན་བརྟག་ཞིབ་སྟེ། གྲོང་ཁྱེར་ཡོངས་ཀྱི་དབུལ་པོ་བསྐྱར་ལོག་སྔོན་འགོག་ལྟ་ཞིབ་ཚད་ལེན་རོགས་སྐྱོར་དང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་གྱི་ཆེད་དོན་ལས་དོན་གྱི་བརྟག་ཞིབ་སྙན་ཞུ། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གི་གྲོང་ཁྱེར་ཡོངས་ཀྱི་འཁྱགས་རོམ་སྐྱེ་ཁམས་སྲུང་སྐྱོང་བྱས་ཚུལ་ལ་ཆེད་དོན་ཁྲིམས་འཛིན་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ། གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གཉིས་པའི་ཚོགས་འདུ་ཐེངས་བདུན་པའི་འཐུས་མིའི་གྲོས་གཞི་སྒྲུབ་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་གསན་པ་མ་ཟད་གྲོས་ཞིབ་ཀྱང་བྱས་ཡོད།

ཚོགས་འདུའི་ཐོག་ད་དུང་འབྲེལ་ཡོད་མི་དོན་བསྐོ་འཐེན་དོན་ཚན་སྐོར་གྱི་གསལ་བཤད་ལ་ཉན་པ་རེད།

ཚོགས་འདུའི་ཐོག་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཆབ་མདོ་གྲོང་ཁྱེར་གྱི་2025ལོའི་རིམ་པ་དེ་གའི་ནོར་སྲིད་ངེས་རྩིས་ལ་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་གྲོས་ཆོད་དང་མི་དོན་བསྐོ་འཐེན་དོན་ཚན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།