国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年08月28日

ལའོ་ཆིན་འུའུ་ཡིས་ཁ་རུབ་ཆུས་སུ་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་8པའི་ཚེས་25ཉིན་གྱི་སྔ་དྲོ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཁ་རུབ་ཆུས་དམའ་རིམ་སློབ་འབྲིང་གསུམ་པ་དང་། ཁ་རུབ་ཆུས་ནས་ཀྱི་བག་སོབ་ལས་སྣོན་བཟོ་གྲྭ། རིག་ལྡན་ཁ་རུབ་མཐུན་སྦྱོར་ལྟེ་གནས་བཅས་སུ་ཕེབས་ཏེ། ཚོགས་པ་ཅན་གྱི་སློབ་གཉེར་དང་། ཐོན་ལས་འཕེལ་རྒྱས། གྲངས་རིག་སྲིད་གཞུང་འཛུགས་སྐྱོང་སོགས་ཀྱི་ལས་དོན་ཐད་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་རེད།

ཁ་རུབ་ཆུས་དམའ་རིམ་སློབ་འབྲིང་གསུམ་པར།ལའོ་ཆིན་འུའུ་ཡིས་སློབ་གསོའི་མཁྲེགས་ཆས་རྨང་གཞི་བརྟན་དུ་བཏང་ནས་སློབ་གཉེར་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། མཆོང་རྒྱུག་འཕེན་གསུམ་གྱི་འགྲན་བསྡུར་སྦྱོང་བརྡར་ལ་དམ་འཛིན་བྱས་ཏེ་སློབ་གྲྭའི་ལུས་རྩལ་བྱེད་སྒོ་རྒྱ་ཁྱབ་ངང་ཁྱབ་གདལ་བཏང་ནས་སློབ་མའི་གཟུགས་པོའི་བྱང་ཚད་མཐོ་རུ་ཏན་ཏིག་གཏོང་བ། དགེ་རྒན་དཔུང་ཁག་གི་སློབ་ཁྲིད་འཇོན་ཐང་ཕྱོགས་ཡོངས་ནས་ཞུན་བརྡར་བྱེད་པ། ཚོགས་པ་ཅན་གྱི་སློབ་གཉེར་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཁ་རུབ་ཆུས་བག་སོབ་ལས་སྣོན་བཟོ་གྲྭར། ལའོ་ཆིན་འུའུ་ཡིས་ཁེ་ལས་ཀྱི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ཐོན་སྐྱེད་གཉེར་སྐྱོང་གི་བརྒྱུད་རིམ་ཧྲིལ་པོ་ཚད་གཞི་ཅན་དང་ཚད་ལྡན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ནས་ཁེ་ལས་བརྟན་པོ་དང་ཕུགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ། གཉེར་ཚོང་བྱེད་སྟངས་གསར་གཏོད་བྱས་ཏེ་ཐོན་ལས་དང་རིག་གནས་ཡུལ་སྐོར་ཐོན་ཁུངས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས་ཁྱད་ལྡན་སྤུས་རྟགས་སྟོབས་ཆེན་དང་ལེགས་སུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

རིག་ལྡན་ཁ་རུབ་མཐུན་སྦྱོར་ལྟེ་གནས་སུ། ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་གྱི་རིག་ལྡན་ལས་སྟེགས་ཡག་པོ་བསྐྲུན་པ་དང་བེད་སྤྱོད་ཡག་པོ་གཏོང་བ་དང་། གྲོང་ཁྱེར་བརྟག་དཔྱད་དང་གྲོང་ཁྱེར་གསར་སྒྱུར་གྱི་གྲུབ་འབྲས་གསར་པ་དོན་འཁྱོལ་དང་གཞན་སྒྱུར་གཏིང་ཟབ་བྱེད་པ། གྲོང་ཁྱེར་བཅོས་སྐྱོང་གི་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། ཁ་རུབ་གྲོང་ཁུལ་དེ་དེང་རབས་ཅན་གྱི་སྡོད་མལ་ལ་འཚམ་པའི་གྲོང་ཁྱེར་ཞིག་ཏུ་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ་རེད།