国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年08月28日

ཀྲོང་ཅིན་སུང་གིས་གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ8པའི་ཚེས26ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བར་ཆེད་དོན་སློབ་སྦྱོང་བྱས་པ་རེད།

ཚོགས་འདུ་ཡིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་རབས་ཀྱི་འཕེལ་རྒྱས་གནས་བབ་དང་བསྟུན་ཏེ་གསར་གཏོད་རང་བཞིན་གྱིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་བཏོན་ནས་དུས་རབས་གསར་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་ཡག་པོ་སྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་ནང་སེམས་རྒྱུད་ལ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བ། ཕུགས་ཇུས་རྟག་ཏུ་འཆང་བ་དང་བདེ་དུས་ཉེན་ཟོན་བྱེད་པ་བཅས་བྱས་ཏེ་དུས་རབས་གསར་པའི་ཆབ་མདོའི་རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཅེས་བསྟན་ཡོད།

ཚོགས་འདུ་ཡིས་ཆབ་མདོ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ། ཉེན་བརྡ་རྒྱུན་གྲགས་དང་དོགས་ཟོན་ལྷོད་མེད་མཐའ་འཁྱོངས་བྱེད་དགོས། བརྟན་ལྷིང་སྲུང་སྐྱོབ་བྱེད་པའི་འགན་འཁྲི་དང་པོ་ཏན་ཏིག་སྒོས་འཁུར་དགོས་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུར་གཙོ་ཐིག་ཏུ་བཟུང་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་གཏོང་བ་སོགས་ཀྱི་ལས་དོན་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས།འཕེལ་རྒྱས་ཀྱི་ལས་འགན་དང་པོ་ཏན་ཏིག་སྒོས་དམ་འཛིན་བྱེད་དགོས་ཤིང་།“3+1+1”གི་ལས་དོན་ཁག་ལྔ་ལ་འགག་སྒྲོལ་དང་། དངུལ་རྩའི་ཉེན་ཁ་སྔོན་འགོག་དང་སེལ་བ། བདེ་འཇགས་ཐོན་སྐྱེད་དང་སྔོན་འགོག་ཉུང་གཏོང་དང་རོགས་སྐྱོབ་ཀྱི་ལས་དོན་དམ་འཛིན་ཏན་ཏིག་བཅས་བྱས་ཏེ། འཕེལ་རྒྱས་དང་བདེ་འཇགས་ཀྱི་འགུལ་རྣམ་དོ་མཉམ་ཆགས་པ་དང་ཆར་བ་ཆུ་གྲོགས་ཡོང་བར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་ཀྱི་དམར་ཐིག་དང་པོ་ནན་པོ་སྲུང་དགོས་ཤིང་། གནམ་སྔོན་ཆུ་དྭངས་དང་ས་གཙང་གི་སྲུང་སྐྱོབ་དམག་འཐབ་ཡག་པོ་བརྒྱབ་ཏེ་སྐྱེ་དངོས་བདེ་འཇགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པའི་ཁར། རང་བྱུང་སྣོད་བཅུད་ལ་སྲུང་སྐྱོང་བྱེད་དགོས། མཐའ་སྟོབས་ཀྱི་ལས་འགན་དང་པོ་ཕྲག་ཏུ་འཁུར་དགོས་ཤིང་། “མཐའ་མཚམས་ཆེན་མོ་དང་མཐའ་སྲུང་ཆེན་མོའི”འདུ་ཤེས་བརྟན་པོར་འཛུགས་པ་དང་། དམག་དཔུང་དང་ས་གནས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་དར་རྒྱས་བརྟན་ལྷིང་གི་མེས་རྒྱལ་མཐའ་མཚམས་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་བླང་བྱ་བཏོན་ཡོད།

ཚོགས་འདུ་ཡིས་ཏང་གིས་རྒྱལ་ཁབ་བདེ་འཇགས་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ། སྤྱོད་ཚུལ་འཛུགས་སྐྱོང་དང་དོན་འཁྱོལ་དམ་འཛིན་བཅས་བྱས་ཏེ་ཆབ་སྲིད་བརྟན་བརླིང་དང་། སྤྱི་ཚོགས་བདེ་འཇགས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས་པའི་ནན་བཤད་བྱས་ཡོད།