国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年08月28日

ཀྲོང་ཅིན་སུང་གིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ8པའི་ཚེས24ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་ཀྱང་བྱས་པ་རེད།

ཚོགས་འདུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་མཐུན་ཅང་ཙེ་མིན་སྐུ་འཁྲུངས་ནས་ལོ་ངོ་100འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ནི་བརྗོད་དོན་རྒྱ་ཆེ་ཞིང་གཏིང་ཟབ་ལ་ནང་དོན་ཕུན་སུམ་ཚོགས་པས། དེ་ནི་ང་ཚོའི་ཡོང་ཁུངས་གསལ་པོ་ལྟ་བ་དང་། མིག་སྔར་ལ་ཏན་ཏིག་གིས་དམ་འཛིན་བྱེད་པ། མདུན་ལྗོངས་ཐོག་ཡག་པོ་བསྐྱོད་པའི་བསམ་བློའི་ཁྲིད་སྟོན་དང་། རིགས་གཞུང་གི་གཞི་འཛིན་ས། བྱ་སྤྱོད་ཀྱི་རྩ་འཛིན་ཞིག་བཅས་རེད།གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་འགུལ་ཐོག“གཏན་འཁེལ་གཉིས”མཐའ་གཅིག་ཏུ་བརྩི་སྲུང་ཞུ་བ་དང་། “སྲུང་སྐྱོབ་གཉིས”མཐའ་གཅིག་ཏུ་ཐུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ཐོག་འགྲེང་སྟེ། ཅང་ཙེ་མིན་སོགས་གསར་བརྗེ་མཁས་ཅན་རྒན་རབས་ཀྱི་དད་སེམས་བརྟན་པོ་དང་། སྐུ་ཚེ་ཧྲིལ་བོ་ཏང་ལ་འབུལ་བའི་བསམ་པའི་ཐུགས་རྒྱུད་བཟང་པོ་ལ་ནན་ཏན་གྱིས་སློབ་སྦྱོང་བྱེད་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ།“དོན་ཆེན་བཞིར”དམ་པོར་དམིགས་པ་དང་།“འཛུགས་གཏོད་བཞིར”ཤུགས་རྒྱག་པ། རྒྱུན་བསྲིང་ལྷོད་མེད་ཀྱིས“ལས་འགན་ཆེན་པོ་དགུའི་འདེགས་སྐྱོར”དམ་འཛིན་བཅས་བྱས་ཏེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་ཧུར་ཐག་གིས་འཛུགས་སྐྲུན་བྱེད་དགོས་ཅེས་བསྟན།

ཚོགས་འདུ་ཡིས་གྲོང་ཁྱེར་ཡོངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྤེལ་བའི་གནས་ཚུལ་སྙན་སེང་ལ་གསན་པ་རེད།“གཏིང་ཟབ”ཅེས་པའི་ཡིག་འབྲུ་གཉིས་ཀྱི་ཆབ་སྲིད་ཀྱི་བསམ་གཞིག་དང་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ཏེ། འཛེམས་མེད་དམར་འདོན་དང་གཏིང་ཟབ་ཞིབ་བཤེར་གྱི་རྣམ་འགྱུར་ཐོག་ནས་ནག་སེལ་གཤེད་བཅོམ་བྱེད་པ་དང་། གྲི་དངོ་རང་གཏད་དང་རང་ངོས་གསར་བརྗེའི་སྙིང་སྟོབས་ཀྱིས“རྒྱབ་རྩ་གཏོར་བ”བཅས་བྱས་ནས།“ཆབ་མདོ་ནི་བོད་དུ་སྐར་ལྔའི་དར་དམར་ཐོག་མར་སྒྲེང་ཡུལ”གྱི་གཟི་བརྗིད་དང་མཚན་སྙན་ལ་མཐའ་གཅིག་ཏུ་བརྩི་སྲུང་ཞུ་དགོས་པའི་ནན་བཤད་གནང་ཡོད།

ཚོགས་འདུ་ཡིས་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་ཡོད་པ་རེད།