国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年08月25日

“དམར་མདངས་ཆབ་མདོ། མ་འོངས་ཕུགས་འདུན་བཏོད”ཅེས་པ་དང“སྤྲིན་རུམ་གྱི་རྒྱལ་ལམ317”ཞེས་པའི་ཡུལ་སྐོར་རླངས་འཁོར་བརྒྱ་གཏོང་འགོ་ཚུགས་པའི་མཛད་སྒོ་་ཐུགས་གྲ་ལེགས་འགྲིག་ངང་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཆབ་མདོ་གྲོང་ཁྱེར་གྱི་སྐབས་བཅུ་གཉིས་པའི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་སྟེགས་བུར་བརྟེན་ནས།“དམར་མདངས་ཆབ་མདོ།མ་འོངས་ཕུགས་འདུན་བཏོད”ཅེས་པ་དང་ “སྤྲིན་རུམ་གྱི་རྒྱལ་ལམ317”ཅེས་པའི་ཡུལ་སྐོར་རླངས་འཁོར་བརྒྱ་གཏོང་བའི་མཛད་སྒོ་དེ་ཟླ8པའི་ཚེས19ཉིན་གྱི་སྔ་དྲོ་ཆབ་མདོ་གྲོང་ཁྱེར་དུ་འཚོགས་ཡོད། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་རླངས་འཁོར་བརྒྱ་ཙམ་ལེ་དབར་སྟོང་བརྒལ་ནས་གཙང་གསུམ་འདུས་སའི་ཁམས་པའི་ཕ་ཡུལ་དུ་མཉམ་འཛོམས་བྱས་ནས། ཐུན་མོང་མ་ཡིན་པའི་སྤྲིན་རུམ་འཁོར་ཁྲིད་ཡུལ་སྐོར་བྱེད་འགོ་ཚུགས་པ་རེད།

རླངས་འཁོར་གཏོང་བའི་མཛད་སྒོའི་ཡུལ་དངོས་སུ་མི་ཚང་མས་མཉམ་དུ་VCR《ཆབ་མདོར་བསྐྱོད་པ། ལེ་དབར་སྟོང་ནས་འདུ་འཛོམས》ཞེས་པར་བལྟས་ནས། རླངས་འཁོར་གཏོང་མཁན་ཚོ་རི་ཆུ་བརྒལ་ནས་ཆབ་མདོར་བསྐྱོད་པའི་ལོ་རྒྱུས་ལ་ཕྱིར་དྲན་བྱས་ཡོད། བྱེད་སྒོ་སྤེལ་ཡུལ་དུ། རླངས་འཁོར་རུ་ཁག་གི་འཐུས་མིར་མདུན་སྐྱོད་ཀྱི་གཟེངས་རྟགས་དར་ཆ་སྤྲད་ནས། རླངས་འཁོར་བཏང་ནས་འགྲོ་བའི་འགྲུལ་བཞུད་བདེ་བླག་ཡོང་བའི་སྨོན་འདུན་བཟང་པོ་ཞུས་ཡོད་པ་རེད།

བྱེད་སྒོ་མཇུག་ཏུ། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ལིས་ཧྲུའུ་གོ་ཡིས་རླངས་འཁོར་དངོས་སུ་གཏོང་ནས་ཡུལ་སྐོར་ལ་ཐོན་པའི་ཁྱབ་བསྒྲགས་བྱས་པ་དང་། བཀའ་རྒྱ་བཏང་རྗེས་རླངས་འཁོར་བརྒྱ་ལྷག་ཙམ་གཏོང་ནས་མཛེས་སྡུག་ལྡན་པའི་“སྤྲིན་རུམ་གྱི་རྒྱལ་ལམ317”ལ་འགྲུལ་བཞུད་བྱེད་འགོ་ཚུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལ་འགྲོ་བའི་བགྲོད་ལམ་གལ་ཆེན“སྤྲིན་རུམ་གྱི་རྒྱལ་ལམ317”རྒྱུད་ཀྱི་མཛེས་ལྗོངས་བརྗིད་ཉམས་ལྡན་ལ་ཁམས་པའི་དམངས་སྲོལ་རིག་གནས་ཀྱི་རྒྱུན་ཟབ་མོ་ལྡན་པ་དང་། བྱེད་སྒོ་དེ་སྒེར་འཁོར་གཏོང་བའི་ཡུལ་སྐོར་བྱ་ཐབས་ལ་བརྟེན་ནས། ཕྱི་ཕྱོགས་སུ་ཆབ་མདོའི་ཕུན་སུམ་ཚོགས་ལ་སྤུས་ཚད་མཐོ་བའི་རིག་གནས་ཡུལ་སྐོར་ཐོན་ཁུངས་མངོན་པར་བྱས་ཏེ། ཆབ་མདོའི་རིག་གནས་ཡུལ་སྐོར་གྱི་མིང་བྱང་རྒྱུན་ཆད་མེད་པར་ཇེ་གསལ་དུ་བཏང་ནས། ཆབ་མདོའི་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་བྱས་ཡོད་པ་རེད།