འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་19ཉིན། རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་སྐྱེས་པའི་ལག་རྩེད་སྤོ་ལོ་འགྲན་བསྡུར་གྱི་ལས་དོན་མཇུག་སྒྲིལ་ཞིང་། ཆབ་མདོ་གྲོང་ཁྱེར་གྱི་སྐྱེས་པའི་ལག་རྩེད་སྤོ་ལོ་འཐུས་མི་རུ་ཁག་གིས་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་བླངས་པ་དང་།ལྗོངས་ལུས་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་ལག་རྩེད་སྤོ་ལོའི་རྣམ་གྲངས་ལས་བྱ་དགའ་ཨང་དང་པོ་ཐེངས་གསུམ་བསྟུད་མར་བླངས་ནས་ཕ་ཡུལ་ལ་གཟི་བརྗིད་མཚན་སྙན་ཆེན་པོ་བཞག་པ་རེད།
སྐབས་འདིའི་འགྲན་བསྡུར་ལ་སྟོབས་ཆེའི་རུ་ཁག་རྣམས་འཛོམས་ཤིང་། ཤུགས་ཚད་ཆེ་བ་དང་འགག་རྩའི་འགྲན་ཐེངས་མང་བའི་འགྲན་བསྡུར་ཁྲོད་ཆབ་མདོའི་བུའི་ལག་རྩེད་སྤོ་ལོའི་རུ་མི་ཡོངས་ཀྱིས་སྤྲོ་སྣང་རབ་ཏུ་བསྐྱེད་པ་དང་འབད་འཐབ་ཀྱི་བློ་སྟོབས་ཞུམ་མེད་ཀྱི་གཤིས་རྒྱུད་ལྡན་པ་བྱས་ཤིང་།ཁ་གཏད་གཅོག་ཐུབ་པའི་འགྲན་རྩལ་སྟོབས་ཤུགས་ལ་བརྟེན་ནས་བསྟུད་མར་འཐབ་རྒོལ་དྲག་པོ་བྱས་པས་མཐར་འགྲན་ཡ་ལས་རྣམ་པར་བརྒྱལ་ཏེ་བྱ་དགའ་ཨང་དང་པོ་བླངས་པ་རེད།

