国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年08月25日

“317རོལ་དབྱངས་ཀྱི་དགའ་ནེའུ་དུས་ཆེན”ཆབ་མདོར་དར་བ།

འདི་ནི་ལྟད་མོ་བས་རོལ་དབྱངས་དུས་ཆེན་ལ་ཉམས་སུ་རོལ་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་8ཚེས་21ཉིན་གྱི་དགོང་མོ། ཆབ་མདོ་གྲོང་ཁྱེར་གྱི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཉིས་པའི་བྱེད་སྒོ་ཆེ་ཤོས་ཡིན་པའི“317རོལ་དབྱངས་ཀྱི་དགའ་ནེའུ་དུས་ཆེན་”དེ་ཆབ་མདོ་དང་ཐེན་ཅིན་ལུས་རྩལ་རིག་གནས་ལྟེ་གནས་སུ་སྤྲོ་སེམས་ཆེན་པོའི་ངང་གཏོང་འགོ་ཚུགས་པ་རེད།

འཁྲུག་ཆ་ཤིན་ཏུ་ཆེ་བའི་བྱེད་སྒོ་དེར“དམར་མདངས་ཆབ་མདོ།ཇ་རྟའི་དབྱངས་གསར་”ཞེས་པའི་གཙོ་དོན་ལ་དམ་པོར་དམིགས་ཏེ། རྒྱལ་ནང་གི་གྲགས་ཅན་རོལ་དབྱངས་མཁས་ཅན་དང་བོད་རིགས་ཀྱི་གཞས་པ་གསར་པ་རྣམས་འཛོམས་ཏེ། བོད་སྐད་ཀྱི་གཞས་མ་གཏམ་དང་། དར་ཁྱབ་ཆེ་བའི་རོལ་དབྱངས་སོགས་རིག་རྩལ་སྣ་མང་འཁྲབ་སྟོན་བྱས་ནས་ས་ཡུལ་དངོས་ཀྱི་ལྟད་མོ་ལྟ་མཁན་ཚོར་མི་རིགས་ཀྱི་ནང་དོན་ཟབ་མོ་ལྡན་པའི་རིག་རྩལ་སྟོན་མོ་གཟབ་རྒྱས་ཤིག་བཤམས།

ཆབ་མདོས་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་རྣམ་པ་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཡིན་པའི་ངོས་ནས། ད་ཐེངས་ཀྱི་རོལ་དབྱངས་དགའ་ནེའུ་དུས་ཆེན་རིང་ཁྲོམ་རར་འཁྲུགས་ཆ་ཆེ་བ་དང་། རིག་གནས་གསར་གཏོད་ལ་མྱོང་རོལ། ཞིམ་ཟས་མཉམ་འགུལ་སོགས་ཕུན་སུམ་ཚོགས་སུ་བཏང་ནས“རིན་པ་མི་དགོས་པའི་སྣེ་ཁྲིད་དང་། གྲོན་དངུལ་སྤྲོད་པ། འཛད་སྤྱོད་གཞན་སྒྱུར”བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱས་ཡོད།གྲོང་མི་དང་ཡུལ་སྐོར་བ་ཚོས་རོལ་དབྱངས་ལ་མྱོང་རོལ་བྱེད་ཞོར་གྲོང་ཁྱེར་ལ་འཛོམས་པ་དང་། ཞིམ་ཟས་མྱོང་རོལ། ཁྱད་ལྡན་རིག་གནས་གསར་གཏོད་བཅས་བྱས་ཏེ་ཆབ་མདོའི་རིག་གནས་ཡུལ་སྐོར་ལ་གསོན་ཤུགས་དང་ཁྲོམ་རའི་སྒུལ་ཤུགས་བསྣན་ཡོད།