འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་21ཉིན་གྱི་ཕྱི་དྲོ། “སའི་གོ་ལའི་གླིང་སྣེ་གསུམ་པ་སྲུང་།དམར་མདངས་ཆབ་མདོར་དྲོ་སྐྱིད་སྦྱིན”ཞེས་པའི་སྤྱི་ཕན་ཞལ་འདེབས་འབུལ་བའི་བྱེད་སྒོ་དེ་གྲོང་ཁྱེར་གྱི་བྱིས་པའི་ཕན་བདེ་ཁང་གཉིས་པའི་ལུས་རྩལ་ཐང་དུ་སྤེལ་བ་རེད།རང་སྐྱོང་ལྗོངས་ཆོས་ལུགས་ལས་དོན་ཅུད་ཀྱི་དེ་སྔའི་ཅུས་ཀྲང་གཞོན་པ།རིམ་པ་དང་པོའི་སྐོར་གཟིགས་པ།རང་སྐྱོང་ལྗོངས་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་དང་དྲུང་ཆེའི་ཐུགས་འགན་གཅིག་ལྕོགས་བཞེས་མཁན་ཆོས་གྲགས་དང་། ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བུ་གཡུང་དྲུང་། ཆབ་མདོ་གྲོང་ཁྱེར་གྱི་ཧྲེ་ཀྲང་གཞོན་པ་ཕུའུ་ཡུས་ཧུའེ་བཅས་བྱེད་སྒོར་ཞུགས་ཡོད།
ཕུའུ་ཡུས་ཧུའེ་ཡིས་ཤིས་ཚིག་ནང་། ས་ཁོངས་ལས་བརྒལ་བའི་སྤྱི་ཕན་ཞལ་འདེབས་གནང་བ་དེའི་ཐོག་ནས་ཧྥུའུ་ཅན་དང་། སི་ཁྲོན། བོད་ལྗོངས་བཅས་ས་གནས་གསུམ་གྱི་བརྩེ་སེམས་ཟབ་མོ་གང་ལེགས་མངོན་ཡོད། བྱིས་པ་ཡོངས་ཀྱིས་སེམས་གཏིང་ནས་བཀའ་དྲིན་དྲན་པ་དང་། སློབ་སྦྱོང་གང་དྲག བདེ་ཐང་ངང་འཚར་ལོངས་ཡོང་བ་བཅས་བྱས་ཏེ། ཕ་ཡུལ་འཛུགས་སྐྲུན་དང་སྤྱི་ཚོགས་ལ་དྲིན་ལན་འཇལ་བའི་དུས་རབས་གསར་པའི་ལོ་ཆུང་བཟང་པོ་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།
བུ་གཡུང་དྲུང་གིས་ད་ཐེངས་ཀྱི་བྱེད་སྒོར་སྤྱི་ཚོགས་ཀྱི་སྒོར་ཁྲི་150རི་བའི་དངོས་ཟོག་བསྡུ་སྒྲིལ་བྱས་པས་ཆབ་མདོའི་རྫོང་བཅུ་དང་ཆུས་གཅིག་ཚང་མར་ཁྱབ་ཡོད་པ་དང་མི་རིགས་ཁག་གི་མང་ཚོགས་7500ལྷག་ཙམ་ལ་ཕན་པ་ཐོབ་ཡོད། ཕན་བདེ་ཁང་གིས་དངོས་ཟོག་རྣམས་ཚད་ལྡན་ངང་སྤྱོད་པ་དང་གསར་བརྗེའི་སློབ་གསོ་རྒྱུན་རྣམ་ཅན་དུ་སྤེལ་ནས། ཕྲུ་གུ་ཚོར་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་། སྙིང་རུས་ཆེན་པོས་སློབ་གཉེར། མི་འཇོན་ཐང་ཅན་དུ་འགྱུར་བ་བཅས་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།

