国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年08月25日

གྲོང་ཨུད་ཀྱི་གྲོང་གསེབ་ལས་དོན་ཆེད་དོན་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་22ཉིན།གྲོང་ཨུད་ཀྱི་གྲོང་གསེབ་ལས་ཀའི་ཆེད་དོན་ཚོགས་འདུ་འཚོགས་ཏེ“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུའི་དགོངས་དོན་བཅས་ལ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་མ་ཟད།གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་ཡོད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལིས་གཡོད་ཧུང་གིས་ཚོགས་འདུའི་ཐོག་གསུང་བཤད་གནང་ཡོད།

ཚོགས་འདུའི་ཐོག“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། ཞིང་ལས་གྲོང་གསེབ་པུའུ་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་འགོ་ཁྲིད་གཙོ་བོའི་ལས་དོན་གྱི་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་གསན་པ་རེད།

ཚོགས་འདུའི་ཐོག“ཞིང་གསུམ”ལས་དོན་ནི་བྱ་གཞག་ཁག་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་པ་དང་།“ཞིང་གསུམ”ལས་དོན་ལ་དམ་འཛིན་ཡག་པོ་བྱ་རྒྱུ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། བསམ་བློའི་ངོས་འཛིན་གཅིག་གྱུར་དང་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་བཏང་སྟེ“ཞིང་གསུམ”ལས་དོན་ལ་དམ་འཛིན་ཡག་པོ་བྱ་རྒྱུ་དེ“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང་།“སྲུང་སྐྱོང་གཉིས”ཐུབ་པའི་བྱ་སྤྱོད་དངོས་ལ་བརྩི་སྲུང་དགོས་ཤིང་། ཆབ་མདོ་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་དཔེ་བཟང་གྲོང་ཁྱེར་འཛུགས་སྐྲུན་ལ་ཁྲིད་སྟོན་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ལ་བརྩིས་དགོས།ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་།མཐུན་སྦྱོར་མཉམ་འགུལ། རྗེས་སྙེག་གིས་ཕན་འབྲས་འདྲི་བར་ཤུགས་སྣོན་རྒྱག་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ།ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། གྲོང་གསེབ་འཛུགས་སྐྲུན་ཡག་པོ་བྱེད་མགྱོགས་སུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ།གནད་དོན་བཅོས་སྒྲིག་ལ་དམ་འཛིན་ཏན་ཏིག་བཅས་བྱེད་དགོས། ཕྱི་ཚུལ་རིང་ལུགས་སྔོན་འགོག་ནན་པོ་བྱེད་པ་དང་ལས་དོན་གྱི་ཕན་འབྲས་དངོས་ལ་བརྟེན་ནས་ཞིང་གསུམ་གྱི་“ལོ་ལྔ་ཚན་བཅོ་ལྔ་པའི”དམིགས་ཚད་མངོན་འགྱུར་ཡོང་བར་འགོ་ཡག་པོ་ཚུཌ་པ་དང་། ལོ་ཧྲིལ་པོའི་“ཞིང་གསུམ”ལས་ཀའི་དམིགས་ཚད་ལས་འགན་ཁག་ལེགས་སྒྲུབ་ཐུབ་པ་བྱེད་དགོས་ཞེས་བསྟན།