国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年08月25日

ཆབ་མདོ་གྲོང་ཁྱེར་གྱི“བོད་ཤར་གསེར་གྱི་དབྱར་རྩྭ་དགུན་འབུའི”འགྲན་བསྡུར་ཆེན་མོ་སྐབས་གསུམ་པ་འགོ་ཚུགས་པ།

འདི་ནི་དཔྱད་འདེམས་པས་སྤུས་ཚད་དང་། ཆེ་ཆུང་། མདོག་ཁ་སོགས་ལ་ནན་ཏན་གྱིས་སྐར་མ་རྒྱག་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་20ཉིན་གྱི་སྔ་དྲོར། 2026ལོའི་ཆབ་མདོ་གྲོང་ཁྱེར་གྱི“བོད་ཤར་གསེར་གྱི་དབྱར་རྩྭ་དགུན་འབུའི”འགྲན་བསྡུར་ཆེན་མོ་སྐབས་གསུམ་པ་ཁ་རུབ་ཆུས་ཇ་རྟ་ཐང་ཆེན་དུ་སྤེལ་བ་རེད།

ད་ཐེངས་ཀྱི་འགྲན་བསྡུར་གྱི་དབྱར་རྩྭ་དགུན་འབུ་ཚང་མ་ཆབ་མདོ་ཁོ་ནའི་རི་སྐྱེས་དབྱར་རྩྭ་དགུན་འབུ་ཡིན་པ་དང་། ཆབ་མདོའི་རྫོང(ཆུས)11གི་བདམས་ཐོན་པ་11ཞུགས་ཡོད་པ་རེད། དཔྱད་འདེམས་ཚོགས་པས་སྤུས་ཚད་དང་། ཆེ་ཆུང་། མདོག་ཁ་སོགས་ལ་གཞིགས་ནས་སྐར་མ་བརྒྱབ་པ་རེད།

འགྲན་བསྡུར་བྱས་པ་བརྒྱུད། སྟེང་ཆེན་རྫོང་གི་ནོར་ལྷའི་དབྱར་རྩྭ་དགུན་འབུ་རྐང་100ལ་ཁེ་95.97ཟིན་ནས་ཨང་དང་པོ་ཐོབ་པ་དང་། རི་བོ་ཆེ་རྫོང་གི་བསོད་ནམས་དགྲ་འདུལ་ལ་ཨང་གཉིས་པ་དང་བཀྲ་ཤིས་སྨོན་ལམ་ལ་ཨང་གསུམ་པ་ཐོབ་པ་རེད།

འགྲན་བསྡུར་མཇུག་འགྲིལ་རྗེས་ཨང་དང་པོའི་དབྱར་རྩྭ་དགུན་འབུ་རྐང་10ཧབ་ཚོང་བརྒྱབ་པ་དང་། མཐར་ཆབ་མདོའི་ཁེ་ལས་མཁས་ཅན་པད་མ་དབང་ཆེན་གྱིས་རྐང་10ལ་སྒོར་ཁྲི་10བྱས་ནས་ཉོས་པ་རེད།