འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་བཟོ་བོའི་སྙིང་སྟོབས་དར་སྤེལ་གཏོང་ཆེད། ཟླ་8པའི་ཚེས་20ཉིན། ཆབ་མདོ་གྲོང་ཁྱེར་གྱི་བཟོ་རྩལ་མཛེས་རྩལ་ཆེ་མོ་བའི་ལས་དོན་ཕྱོགས་སྡོམ་དང་མིང་འདོགས་ལག་ཁྱེར་སྤྲོད་པའི་བྱེད་སྒོ་སྐབས་གཉིས་པ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་རེད། ཟླ་བ་བཞིའི་རིང་ལ་བཀོད་སྒྲིག་སྐུལ་སློང་དང་། ཆེད་ལས་ཞིབ་དཔྱད། ཡོངས་བསྒྲགས་བཅས་བྱས་པ་བརྒྱུད། མི་54ལ“ཆབ་མདོ་གྲོང་ཁྱེར་གྱི་བཟོ་རྩལ་མཛེས་རྩལ་ཆེ་མོ་བའི”མཚན་སྙན་དང་མི་21ལ“བཟོ་རྩལ་མཁས་པའི་བྱ་དགའ”བཅས་ཐོབ་པ་རེད།
གཞུང་དཔང་བྱས་པ་བརྒྱུད། རྒྱལ་མཚན་སོགས་མི་54ལ“ཆབ་མདོ་གྲོང་ཁྱེར་གྱི་བཟོ་རིག་མཛེས་རྩལ་ཆེ་མོ་བའི”མཚན་སྙན་ཐོབ་པ་དང་། ཚེ་དབང་ཆོས་རྒྱལ་སོགས་མི་21ལ“བཟོ་རྩལ་མཁས་པའི་བྱ་དགའ”དང་བསོད་ནམས་བློ་གྲོས་སོགས་མི་52ལ“ཕུལ་བྱུང་བྱ་དགའ”ཐོབ་པ་རེད། གྲོང་ཁྱེར་རིག་རྩལ་ལྷན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་ཐུབ་དགའ་ཡིས་བྱ་དགའ་ཐོབ་པའི་བདམས་ཐོན་པར་བྱ་དགའ་གནང་བ་རེད།

