国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年08月25日

ལོ་སི་དང་ཝེ་ཐེ་ནམ་གྱི་འཐུས་ཚབ་ཚོགས་པས་ཆབ་མདོར་འཚམས་འདྲི་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ8པའི་ཚེས18ཉིན་ནས་ཚེས21ཉིན་བར། ལོ་སིའི་ཀྲན་པ་སའེ་ཞིང་ཆེན་པཱ་སེ་གྲོང་ཁྱེར་སྲིད་གཞུང་གི་འཐུས་ཚབ་ཚོགས་པ་དང་ཝེ་ཐེ་ནམ་གྱི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་འཐུས་མི་ཆབ་མདོར་བསྐྱོད་དེ་མཛའ་གྲོགས་དང་མཉམ་ལས་ཀྱི་ཐད་ནས་བསམ་ཚུལ་ཝྷུག་པོར་གླེང་བ་རེད།

ད་ཐེངས་ཀྱི་འཚམས་འདྲིར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་ལ། རང་རེའི་གྲོང་ཁྱེར་གྱིས་ལོ་སིའི་པ་སའེ་གྲོང་ཁྱེར་དབར་མཛའ་གྲོགས་གྲོང་ཁྱེར་གྱི་འབྲེལ་བའི་འདོད་མཐུན་ཡི་གེར་མིང་རྟགས་དངོས་སུ་བཀོད་པ་དེ་ཐོག་ནས་གྲོང་ཁྱེར་གཉིས་ཀྱི་མཉམ་ལས་ལ་ལོ་རྒྱུས་རང་བཞིན་གྱི་འགོ་བཙུགས་ཐུབ་པ་མཚོན་ཡོད།

ལོ་སིའི་ཀྲན་པ་སའེ་ཞིང་ཆེན་པ་སེ་གྲོང་ཁྱེར་གྱི་ཧྲེ་ཀྲང་གཞོན་པ་པིན་ཐ་ཝེ་ཤིས་ཧ་ཝུང་གིས“འདི་ནི་ཁོ་བོ་ཐོག་དང་པོ་ཆབ་མདོར་ཡོང་བ་ཡིན། ཡུལ་འདིའི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་ཞིང་། དཔལ་འབྱོར་འཕེལ་རྒྱས་མགྱོགས་ལ་མྱུར་བ་དང་དེ་བཞིན་སྲོལ་རྒྱུན་རིག་གནས་ལ་སེམས་ནུས་ཡོད་རྒུས་སྲུང་སྐྱོབ་བྱེད་པ་བཅས་ལ་ངོས་ཟིན་ཟབ་མོ་བྱུང་སོང་། འདོད་མཐུན་ཡི་གེ་འདི་ནི་འབྱུང་འགྱུར་མཉམ་ལས་ཀྱི་འགོ་ཚུགས་ས་བརྟན་པོ་ཞིག་ཡིན་པས། མ་འཇོག་དང་། ཚོང་དོན། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་ཞིབ་ཕྲའི་མཉམ་ལས་སྔ་མོ་ནས་དོན་ཐོག་ཏུ་འཁྱོལ་ཐུབ་པར་བྱས་ཏེ། རྒྱལ་ཁབ་གཉིས་དང་གྲོང་ཁྱེར་གཉིས་ཀྱི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཁེ་ཕན་གཏོད་རྒྱུའི་རེ་བ་ཡོད”ཅེས་བཤད།

འཚམས་འདྲི་བྱེད་རིང་། ལོ་སི་དང་ཝེ་ཐེ་ནམ་གྱི་འཐུས་མི་ཚོགས་པ་ཐུན་མོང་ཐོག་ཆབ་མདོ་གྲོང་ཁྱེར་ཟླ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཞིབ་འཇུག་ལྟེ་གནས་ཀྱི་ཡོལ་ཁེབས་ཕྱེ་བའི་མཛད་སྒོར་ཞུགས་ཡོད། ཟླ་ཆུ་དང་མེ་ཀུང་གཙང་པོའི་རྒྱུག་ཁུལ་གྱི་ལྷུ་ཚིགས་གལ་ཆེན་གྱི་གྲོང་ཁྱེར་ཡིན་པའི་ཆ་ནས། ཆབ་མདོའི་སྐྱེ་ཁམས་སྲུང་སྐྱོང་དང་རྒྱུག་ཁུལ་བཅོས་སྐྱོང་གིས་མཚོ་འགྲམ་རྒྱལ་ཁབ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད།

ཝེ་ཐེ་ནམ་ཧོ་ནོ་གཏེར་འདོན་སློབ་ཆེན་ཁོར་ཡུག་སློབ་གླིང་གི་ཡོན་ཀྲང་རོན་གོ་ཧུའེ་ཡིས“ཆུ་བོ་དེ་ནི་ཀྲུང་གོའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན་པ་མ་ཟད། ལོ་སི་དང་ཝེ་ཐེ་ནམ་སོགས་ཟླ་ཆུ་དང་མེ་ཀུང་གཙང་པོའི་རྒྱལ་ཁབ་དྲུག་ལ་དེ་བས་འབྲེལ་བ་ཆེན་པོ་ཡོད།”ཅེས་བཤད།

ཟླ8པའི་ཚེས19ཉིན། ཆབ་མདོ་གྲོང་ཁྱེར་གྱི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཉིས་པ་ཅིན་ཆབ་ལུས་རྩལ་རིག་གནས་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས་པ་དང་། སྐབས་འདིའི་སྒྱུ་རྩལ་དུས་ཆེན་གྱིས“དམར་མདངས་ཆབ་མདོ། ཇ་རྟའི་དབྱངས་གསར”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་གསར་བརྗེའི་ནང་དོན་ཟབ་མོ་དང་། གཙང་གསུམ་རིག་གནས་དང་མི་རིགས་མཐུན་སྒྲིལ་གྱི་དུས་རབས་ཀྱི་ཉམས་འགྱུར་མཉམ་འདྲེས་བྱས་པ་རེད།

འགོ་ཚུགས་མཛད་སྒོའི་ཐོག་ངོ་མཚར་ཆེ་བའི་མི་རིགས་ཀྱི་གླུ་གར་དང་། སྲོལ་རྒྱུན་དང་རླབས་རྒྱུན་མཉམ་འདྲེས་ཀྱི་རིག་རྩལ་འཁྲབ་སྟོན་བྱས་ཏེ་ཆབ་མདོའི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད་པ་རེད།

ལོ་སིའི་ཀྲན་པ་སའེ་ཞིང་ཆེན་པཱ་སེ་གྲོང་ཁྱེར་གྱི་ཧྲེ་ཀྲང་གཞོན་པ་པིན་ཐ་ཝེ་ཤིས་ཧ་ཝུང་གིས“ངས་ཆབ་མདོའི་གྲོང་ཁྱེར་སྲིད་གཞུང་གིས་ང་ཚོའི་ལོ་སིའི་འཐུས་མི་ཚོགས་པ་ད་ཐེངས་ཀྱི་བྱེད་སྒོའི་ནང་གདན་འདྲེས་ཞུས་པ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་བལྟས་ན་ད་ཐེངས་ཀྱི་འཚམས་འདྲིས་ང་ཚོ་གྲོང་ཁྱེར་གཉིས་ཀྱི་མཉམ་ལས་འཕེལ་རྒྱས་ལ་ལེགས་སྐྱེས་ངེས་ཅན་ཕུལ་ངེས་རེད”ཅེས་བཤད།

ཆབ་མདོ་གྲོང་ཁྱེར་གྲོང་གསེབ་དར་རྒྱས་ཁང་ནི་འགྲེམས་སྟོན་དང་། ཉོ་ཚོང་། ཉམས་ལེན་བཅས་གཞི་གཅིག་ཅན་གྱི་དེང་རབས་ཅན་གྱི་འགྲེམས་ཁང་ཞིག་ཡིན། དེའི་ནང་ཆབ་མདོའི་རྫོང(ཆུས)11གི་ཁེ་ལས་80ལྷག་ཙམ་དང་། མཉམ་ལས་ཁང་། ཁེར་རྐྱང་བཟོ་ཚོང་དུད་ཚང་བཅས་ཀྱི་ཐོན་རྫས་1000ལྷག་ཙམ་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་རེད། འགྲེམས་སྒྲོམ་ཐོག་རྒུན་ཆང་དང་། དབྱར་རྩྭ་དགུན་འབུ། བོད་སྤོས་སོགས་རིམ་པ་ལྟར་བཤམས་སྟོན་བྱས་ཡོད། འཐུས་མི་ཚོགས་པས་ཕྱོགས་གཅིག་ནས་ཐོན་རྫས་ཐོན་སྐྱེད་བྱེད་རིམ་དང་ཐོན་ལས་འཕེལ་རྒྱས་ཀྱི་གཏམ་རྒྱུད་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། གཞན་ཡང་འཐུས་མི་ཚོགས་པས་ད་དུང་2026ལོའི་ཀྲུང་གོའི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་བོད་ཤར་རྒྱུད་ཀྱི་དབྱར་རྩྭ་དགུན་འབུ་འགྲན་བསྡུར་ཆེ་མོ་སྐབས་གསུམ་པ་དང་ཆབ་མདོ་གྲོང་ཁྱེར་གྱི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་དངོས་མང་སྟོན་ཚོགས་སྐབས་གསུམ་པ་ལ་ལྟ་སྐོར་བྱས་ཏེ་ཁྱད་ལྡན་ཐོན་རྫས་ལ་དགའ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

དེང་རབས་ཆབ་མདོའི་གསོན་ཤུགས་དང་སྤྲོ་སེམས་ཚོར་ཡོད་ཅིང་། འཐུས་མི་ཚོགས་པ་སོགས་ད་དུང་ཆབ་མདོའི་ལོ་རྒྱུས་ཀྱི་ནང་དོན་ཟབ་མོ་ཤེས་རྟོགས་གཏིང་ཟབ་བྱས་པ་རེད། ཆབ་མདོ་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་དང་ཆབ་མདོ་གྲོང་ཁྱེར་གྱི་གསར་བརྗེའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་དུ་འཐུས་མི་ཚོགས་པས་འགྲེམས་ཁང་དུ་ནན་ཏན་ངང་གསན་ནས་ཆབ་མདོའི་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཀྱི་འཕོ་འགྱུར་དང་མི་རིགས་ཀྱི་རིག་གནས་ཀྱི་ནང་དོན་ཟབ་མོ་མྱོང་ཚོར་བྱས་པ་རེད།

ཝེ་ཐེ་ནམ་ཧོ་ནོ་གཏེར་འདོན་སློབ་ཆེན་ཁོར་ཡུག་སློབ་གླིང་གི་ཡོན་ཀྲང་རོན་གོ་ཧུའེ་ཡིས“དེ་རིང་ང་ཚོས་ཆབ་མདོའི་རྟེན་རྫས་བཤམས་མཛོད་ཁང་དུ་ལྟ་སྐོར་བྱེད་པར་ཕྱིན་པ་ཡིན། མ་འོངས་པར་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བ་དེ་ཆུ་བོ་དེ་བརྒྱུད་ནས་ཇེ་ཟབ་དང་མཉམ་ལས་དེ་བས་མང་བ་བྱེད་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད།

ད་ཐེངས་ལོ་སི་དང་ཝེ་ཐེ་ནམ་གྱི་འཐུས་མི་ཚོགས་པའི་ཆབ་མདོའི་འགྲུལ་བཞུད་ནི་མཛའ་གྲོགས་ཀྱི་འགྲུལ་བཞུད་དང་རིག་གནས་ཀྱི་འགྲུལ་བཞུད་ཅིག་ཡིན་ལ། མ་འོངས་པར་ཕྱོགས་པའི་མཉམ་ལས་ཀྱི་འགྲུལ་བཞུད་ཅིག་ཀྱང་ཡིན། མཛའ་གྲོགས་གྲོང་གི་འདོད་མཐུན་ཡི་གེར་མིང་རྟགས་བཀོད་པ་དང་། རིག་གནས་དུས་ཆེན་ལ་ཞུགས་པ། ཐོན་ལས་དང་ལོ་རྒྱུས་ལ་རྟོག་ཞིབ་བཅས་བྱས་པ་བརྒྱུད། ཆབ་མདོའི་སྒོ་དབྱེ་དང་། བསྟུན་མཁས། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པ་བཅས་ཀྱི་གཟུགས་བརྙན་མི་སེམས་སུ་གཏིང་ཟབ་ཟུག་ཡོད། དེས་ཆབ་མདོ་དེ་ཉིད་ཟླ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ནང་སྔར་བས་ཞུགས་པ་དང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུར་སྒུལ་ཤུགས་གསར་པ་བསྣན་ཡོད་ལ། ཟླ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་སྒྲོམ་གཞིའི་འོག་དེ་བས་མང་བའི་འོད་སྟོང་འཕྲོ་བའི་ལེའུ་ཞིག་ཀྱང་རྩོམ་རྒྱུ་རེད།

ཧྲེ་ཀྲང་གཞོན་པ་ཕུའུ་ཡུས་ཧུའེ་ཡིས་ཕེབས་རོགས་ཞུས་ཡོད།