འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་8པའི་ཚེས་19ཉིན་གྱི་དགོང་མོར། ཧྥུའུ་ཅན་གྱིས་ཆབ་མདོར་རོགས་སྐྱོར་བྱས་ནས་ལོ་བཅུ་འཁོར་བ་དང“གཟའ་མཇུག་ཟློས་གར་མཉམ་རོལ”ཞེས་པའི་རིག་རྩལ་འཁྲབ་སྟོན་དེ་ཆབ་མདོར་བྱས་ཤིང་།ཧྥུའུ་ཅན་ནས་ཡིན་པའི་རིག་རྩལ་ལས་དོན་པ་རྣམས་ལམ་ཐག་ལེ་དབར་སྟོང་ཕྲག་ཡོད་པའི་གངས་ལྗོངས་ས་མཐོར་ཕེབས་ཏེ། ཆབ་མདོའི་རིག་རྩལ་འཁྲབ་སྟོན་པ་དང་མཉམ་དུ་རིག་རྩལ་འཁྲབ་སྟོན་བྱས་པ་རེད།
འཁྲབ་སྟོན་བྱེད་སྒོ་སྤེལ་ཡུལ་དུ་གློག་འོད་ཆེམ་ཆེམ་འཕྲོ་བ་དང་། ཞབས་བྲོ་དང་། དམངས་ཁྲོད་རོལ་དབྱངས། རྐྱང་གཞས། མཉམ་གཞས་བཅས་རེས་མོས་ངང་གར་སྟེགས་ཐོག་འཁྲབ་སྟོན་བྱས་པ་རེད། ཧྥུའུ་ཅན་གྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཉམས་འགྱུར་དང་ཁམས་པའི་ཡུལ་སྲོལ་གོམས་གཤིས་གཉིས་གར་སྟེགས་ཐོག་ཏུ་ཕན་ཚུན་འོད་མདངས་ཚུལ་དུ་འཕྲོ་རེས་བྱས་པས་ལྟད་མོ་བ་ཚོའི་ཡིད་དབང་འཕྲོག་ཡོད་པ་རེད།
གར་སྟེགས་ཐོག་ས་གནས་དེ་གའི་མངོན་མིན་རིག་གནས་ཤུལ་བཞག་གི་ལེ་ཚན་ཏེ། སེང་བྲོ་འཁྲབ་ནས་ཆབ་མདོའི་མི་རིགས་མཐུན་སྒྲིལ་གྱི་ནང་དོན་བཟང་པོ་དེ་ས་ཡུལ་དངོས་ཀྱི་ལྟད་མོ་བར་ཕུལ་བ་དང་། ས་གནས་དེ་གའི་རིག་རྩལ་པ་དང་ཧྥུའུ་ཅན་རིག་རྩལ་ཚོགས་པ་གཉིས་ཀྱིས་ཕན་ཚུན་གཞོགས་འདེགས་ཡག་པོ་ཐུབ་པ་བྱུང་བས། གཞན་དང་མི་འདྲ་བའི་སྒྱུ་རྩལ་གྱི་མེ་སྟག་ཅིག་རང་ཤུགས་ཀྱིས་མཆེད་ཡོད་པ་རེད།

