国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年08月25日

ལའོ་ཆིན་འུའུ་ཕ་ཡུལ་ཆབ་མདོ་ནས་ཡིན་པའི་གྲགས་ཅན་རིག་རྩལ་ལས་དོན་པའི་བཞུགས་མོལ་ཚོཌ་འདུ་ཞུགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་20ཉིན།“ཕ་ཡུལ་དུ་ཕྱིར་ལོག་ནས་སྒྱུ་རྩལ་གླེང་བ་དང་། བརྩེ་སེམས་ཆབ་མདོར་བཅངས”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཕ་ཡུལ་ཆབ་མདོ་ནས་ཡིན་པའི་གྲགས་ཅན་རིག་རྩལ་ལས་དོན་པའི་བཞུགས་མོལ་ཚོགས་འདུ་ཆབ་མདོར་འཚོགས་ཤིང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཚོགས་འདུ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ལིས་ཧྲུའུ་གོ་ཡིས་ཤིས་ཚིག་གསུངས་པ་རེད།

བཞུགས་མོལ་ཚོགས་འདུའི་ཐོག་སྨོན་ལམ་རྡོ་རྗེ་སོགས་ཕ་ཡུལ་ཆབ་མདོ་ནས་ཡིན་པའི་རིག་རྩལ་འཐུས་མི་10ལྷག་ཙམ་གྱིས་སྔ་རྗེས་སུ་རིག་གནས་རྒྱུན་འཛིན་དང་། བརྩམས་ཆོས་རྩེ་གྲ། ཤེས་ལྡན་མི་སྣ་གསོ་སྐྱོང་། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་སོགས་ཀྱི་བརྗོད་བྱར་དམིགས་ནས་ཅི་བསམ་ལྷུག་བརྗོད་གནང་བ་དང་། ཆབ་མདོའི་རིག་རྩལ་བྱ་གཞག་འཕེལ་རྒྱས་གཏོང་རྒྱུར་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད།

ལའོ་ཆིན་འུའུ་ཡིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ཕ་ཡུལ་ཆབ་མདོ་ནས་ཡིན་པའི་རིག་རྩལ་ལས་དོན་པར་དགའ་བསུ་ཞུས་ཤིང་། མི་ཚང་མས་ལོ་མང་རིང་དཀའ་སྤྱད་འབད་འབུངས་ཀྱི་རིག་རྩལ་བྱ་གཞག་གཏོད་པ་དང་ཆབ་མདོའི་སྐད་སྒྲ་བརྒྱུད་སྤེལ་དང་ཁམས་པའི་རིག་གནས་ཀྱི་མིང་བྱང་གསལ་པོ་བཟོས་ནས་གྲོང་ཁྱེར་ཡོངས་ཀྱི་རིག་གནས་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་འགྲོ་བར་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཐུགས་རྗེ་ཆེ་ཞུས་གནང་བ་རེད། ལའོ་ཆིན་འུའུ་ཡིས་གཞི་རིམ་ནས་མཐོང་ཐོས་བྱུང་ཚུལ་དང་ནང་སེམས་ཀྱི་མྱོང་ཚོར་མཉམ་སྤྱོད་བྱས་ཡོད་ལ། ཁོང་གིས་ཆབ་མདོར་ཕུན་སུམ་ཚོགས་པའི་ཁམས་པའི་རིག་གནས་ཡོད་པ་དང་། རིག་རྩལ་ལས་དོན་པ་རྣམས་ནི་ཁམས་པའི་རིག་གནས་ཀྱི་རྒྱུན་འཛིན་པ་དང་ཁྱབ་སྤེལ་བྱེད་མཁན་གལ་ཆེན་ཞིག་རེད། མི་ཚང་མས་ཆབ་མདོའི་རིག་གནས་ཀྱི་རྨང་གཞིར་གཞི་ཚུགས་ཏེ་རིག་རྩལ་བརྩམས་ཆོས་རྩེ་གྲ་སྦྱོང་བ་དང་རིག་གནས་ཀྱི་རིན་ཐང་གང་ལེགས་བཟོ་རྒྱུར་གཞི་ཚུགས་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་བོད་ཤར་རྒྱུད་ཀྱི་རིག་གནས་གཏམ་རྒྱུད་ཡག་པོ་བརྗོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཀྲང་དངོས་གྲུབ་ཟླ་བས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཚན་པ་ཁག་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད།