国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年08月21日

ཐེན་ཅིན་གྲོང་ཁྱེར་ཞིང་འབྲོག་ཚན་རིག་ཁང་གི་ཆབ་མདོ་ཡན་ལག་ཁང་བཙུགས་ནས་སྒོ་བྱང་ཁ་ཕྱེས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་19ཉིན། ཆབ་མདོ་གྲོང་ཁྱེར་སྲིད་གཞུང་དང་ཐེན་ཅིན་གྲོང་ཁྱེར་ཞིང་ལས་ཚན་རིག་ཁང་གིས་ཚན་རྩལ་མཉམ་ལས་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། ཐེན་ཅིན་གྲོང་ཁྱེར་ཞིང་ལས་ཚན་རིག་ཁང་གི་ཡོན་ཀྲང་ཅིན་ཐེན་མིང་དང་། གྲོང་ཨུད་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཚོགས་འདུ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ལིས་ཧྲུའུ་གོ་ཡིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཐེན་ཅིན་གྲོང་ཁྱེར་ཞིང་ལས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ཀུའོ་ཡུང་ཙེ་ཚོགས་འདུར་ཕེབས་པ་རེད།

ཚོགས་འདུའི་ཐོག《ཆབ་མདོ་གྲོང་ཁྱེར་བོད་ཤར་རྒྱུད་ཀྱི་དེང་རབས་ཞིང་ལས་ཚན་རྩལ་གླིང་འཆར་འགོད་ཇུས་གཞིའི》སྙན་ཞུ་དང་འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་དང་གྲོས་འགོར་ཉན་ནས《ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཐེན་ཅིན་གྲོང་ཁྱེར་ཞིང་ལས་ཚན་རིག་ཁང་གི་ཚན་རྩལ་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ཡིག་ཆ》ལ་མིང་རྟགས་བཀོད་དེ“ཐེན་ཅིན་ཞིང་ལས་ཚན་རིག་ཁང་གི་ཆབ་མདོ་ཡན་ལག་ཁང”དང“ཐེན་ཅིན་གྲོང་ཁྱེར་ཞིང་ལས་ཚན་རིག་ཁང་གི་གོ་འཇོ་རྫོང་གི་ཆེད་ལས་མཁས་ཅན་ལས་དོན་ས་ཚིགས”ཀྱི་སྒོ་བྱང་བཀལ་བ་རེད།

ལུའོ་ཆིན་ཝུའུ་ཡིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཡུལ་བབ་དང་བསྟུན་ནས“རྟེན་གཞི་སྟོབས་ཆེར་གཏོང་བ་དང་། གྲུབ་ཆ་ལེགས་སུ་གཏོང་བ། རྨང་གཞིར་སྣང་ཆེན་བྱེད་པ། སྤུས་ཚད་ལེགས་སུ་གཏོང་བ། ཕན་འབྲས་ཆེ་རུ་གཏོང་བ”བཅས་ཀྱི་ལས་ཀའི་བསམ་ཕྱོགས་བཏོན་ཡོད། ཞན་ཆར་ཐད་ཀར་ཕྱོགས་པ་དང་། ཚན་ཞིབ་སློབ་གླིང་གིས་ལག་རྩལ་གསར་གཏོད་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་། གྲུབ་འབྲས་གཞན་སྒྱུར་སོགས་ཐད་ཀྱི་ལེགས་ཆར་བརྟེན་ནས་ཆབ་མདོ་འཕེལ་རྒྱས་ལ་སྟོབས་ཆེར་གཏོང་བ།ཚན་རྩལ་གསར་གཏོད་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ས་མཐོའི་ཞིང་འབྲོག་ལས་དེང་རབས་ཅན་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་ཆེན་པོ་སྣོན་དགོས་ཞེས་བསྟན་ཡོད།