འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་8པའི་ཚེས་19ཉིན། ཆབ་མདོའི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཉིས་པར་རྟེན་འབྲེལ་ཞུ་ཆེད། མི་མེད་གནམ་གྲུ་སྟོང་ལས་གྲུབ་པའི་འོད་གཟུགས་འཁྲབ་སྟོན་ཞིག་ཟླ་ཆུའི་འགྲམ་གྱི་མཁའ་དབྱིངས་སུ་གཉེར་ནས། གྲོང་མི་དང་ཡུལ་སྐོར་བར་མིག་གི་དགའ་སྟོན་གྱ་ནོམ་པ་ཞིག་བཤམས་ཡོད།
ཟླ་8པའི་ཚེས་19ཉིན་གྱི་དགོང་མོར། ཆབ་མདོའི་ཐེན་ཅིན་ཐང་ཆེན་དུ་མི་ཚོགས་ཀྱིས་ཁེངས་ཤིང་། ཟླ་ཆུའི་མཁའ་དབྱིངས་སུ་སྐར་འོད་རྣམ་པར་བཀྲ་བ་དང་། མི་མེད་གནམ་གྲུ་སྟོང་ཕྲག་དུས་གཅིག་ཏུ་མཁའ་དབྱིངས་སུ་འཕུར་བའི་ཉམས་དགའ་བའི་འོད་གཟུགས་འདྲ་མིན་སྣ་ཚོགས་གྲུབ་ཡོད་པ་རེད།
འོད་གཟུགས་འཁྲབ་སྟོན་ནང་།གཙང་པོ་གསུམ་མཉམ་དུ་བཞུར་བའི་བརྗིད་ཉམས་ལྡན་པའི་རྣམ་པ་དང་། ཀྱག་ཀྱོག་གི་ཇ་རྟའི་གནའ་ལམ། དྲེལ་པའི་རུ་དཔུང་། ཞིང་ལས་དང་རྫ་བཟོ་སོགས་མེས་པོའི་འཚོ་བའི་རྣམ་པ་མཁའ་དབྱིངས་སུ་གསལ་པོར་མངོན་ཡོད། སྐར་ལྔའི་དར་དམར་སྒྲེང་བའི་འོད་གཟུགས་སླར་ཡང་མངོན་པ་དང་། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་སྐྲུན” “བོད་སྐྱོར་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པ་སོགས་ཀྱི་ཡི་གེ་རྣམས་མཁའ་དབྱིངས་སུ་འོད་ཆེམ་ཆེམ་ངང་ཤར་བས། ས་གནས་ས་ཐོག་ཏུ་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན།ད་ཐེངས་ཀྱི་མི་མེད་གནམ་གྲུ་སྟོང་གི་འོད་གཟུགས་འཁྲབ་སྟོན་འདི་སྤྱི་ཟླ་8པའི་ཚེས་19ཉིན་ནས་ཚེས་22ཉིན་བར་རྒྱུན་མཐུད་ངང་སྤེལ་རྒྱུ་ཡིན་ཞིང་།ཉིན་ལྟར་གྱི་དགོང་མོར་ཐེན་ཅིན་ཐང་ཆེན་དུ་སྤེལ་རྒྱུ་རེད།

