འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ8ཚེས17ཉིན། རང་རེའི་གྲོང་ཁྱེར་གྱིས་འགོ་ཁྲིད་ལས་བྱེད་པས་ཞུ་ལེན་ཉིན་མོའི་བྱེད་སྒོ་སྤེལ་བ་དང་། གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དངོས་གྲུབ་ཟླ་བས་ཞུ་ལེན་ལྟེ་གནས་སུ་མང་ཚོགས་ཀྱི་ཞུ་བ་དང་ལེན་ཞུས་ཏེ། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་སྐོར་གྱི་ཞུ་དོན་གཅིག་ཐག་གཅོད་ལེགས་པར་གནང་བ་རེད།
ངོ་བཅར་ཡོང་མཁན་ཞིང་པ་དེས་ཨར་པོ་གླས་སར་སོང་རྗེས་གླ་ཆ་མ་རག་པ་དང་། ནང་གྲོས་ཐེངས་མང་བྱས་ཀྱང་ཕན་ཐོགས་ཅི་ཡང་མ་བྱུང་ཟེར། དེ་ནས་གྲོང་ཁྱེར་འགོ་ཁྲིད་ཀྱིས་མང་ཚོགས་ཀྱི་རེ་དོན་གཟབ་གཟབ་ཉན་ཏེ། འབྲེལ་ཡོད་ཡིག་ཆ་བསློགས་ནས། དོན་དག་གི་འབྱུང་ཁུངས་ལ་རྒྱུས་ལོན་བྱས་རྗེས་མང་ཚོགས་ལ་སེམས་གསོ་བཏང་བ་རེད།
གླ་ཆ་འགྱངས་ཆད་གྱི་གནད་དོན་ལ་གཞིགས་ནས།གྲོང་ཁྱེར་འགོ་ཁྲིད་ཀྱིས་ཡུལ་དངོས་ནས་ཡིག་སྐུར་ངོ་བཅར་ཅུད་དང་གྱོད་འབྲེལ་རྫོང་ཆུས་ཀྱི་མི་སྤྱི་ཅུད་དང་རྣམ་གྲངས་གཙོ་སྐྱོང་ཚན་པ་སོགས་ལ་མཐུན་སྦྱོར་བྱས་ཏེ། དོན་དག་གི་འགན་འཁུར་མཁན་དང་གླ་ཆ་སྤྲད་རྒྱུའི་དུས་ཚད་སོགས་ཏག་ཏག་བཟོས་པ་རེད།དེ་ནས་ཞིང་པ་ལས་མིའི་གླ་ཆ་འགན་སྲུང་བྱ་རྒྱུ་ནི་དམངས་འཚོའི་ལས་དོན་གལ་ཆེན་ཞིག་ཡིན་པས།འབྲེལ་ཡོད་སྡེ་ཁག་གིས་འགན་འཁྲི་ནན་དཀྲིས་དང་གླ་ཆ་ཆད་པའི་གནས་ཚུལ་ལ་ཁྲིམས་ལྟར་ཞིབ་བཤེར་བྱས་ཏེ།དུས་བཀག་ནང་ཚུན་དུ་གླ་ཆ་སྤྲོད་དགོས་པའི་ནན་གསུང་གནང་བ་དང་། ཞུ་བ་འཐེན་མཁན་མང་ཚོགས་ཀྱིས་ཐག་གཅོད་བྱེད་སྟངས་ལ་དགའ་མགུ་ཡི་རངས་བྱུང་ཡོད།

