国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年08月21日

ཀྲོང་ཅིན་སུང་གིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་རྫོང(ཆུས)11གི་ཁྱད་ལྡན་རྣམ་གྲངས་འགྲེམས་སྟོན་ལ་རྟོག་ཞིབ་གནང་བ།

འདི་ནི་ཀྲོང་ཅིན་སུང་གིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་རྫོང(ཆུས)11གི་ཁྱད་ལྡན་རྣམ་གྲངས་འགྲེམས་སྟོན་ལ་རྟོག་ཞིབ་གནང་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་ཆར།གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་སྔ་རྗེས་སུ“དམར་མདངས་ཆབ་མདོ།དར་རྒྱས་ཡར་བརྩོན”ཞེས་པའི་རྫོང(ཆུས)11གི་ཁྱད་ལྡན་རྣམ་གྲངས་འགྲེམས་སྟོན་གྱི་ཡུལ་དངོས་སུ་ཕེབས་ཏེ་ས་གནས་ས་ཐོག་ཏུ་རྟོག་ཞིབ་གནང་ཡོད་པ་རེད།

ཇ་རྟའི་ཐང་ཆེན་དུ་ཁྲོམ་བཀྱག་ཁག་གྲལ་སྟར་འགྲིག་པོས་བསྒྲིགས་ཡོད་པ་དང་།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་ནང་རྒྱལ་ཁ་ཐོབ་པའི་བདམས་ཐོན་པ་ཚོས་ས་གནས་ས་ཐོག་ཏུ་ལག་རྩལ་དང་།བོད་ཤོག་བཟོ་བ།བོད་ཡིག་ཡིག་གཟུགས་སོགས་སྲོལ་རྒྱུན་རྣམ་གྲངས་ཀྱིས་གྲོང་མི་མང་པོའི་ཡིད་དབང་འཕྲོག་ནས་ས་མཐོའི་སྤུས་ལེགས་དངོས་པོའི་མཁོ་ཚོང་གཉིས་ཀ་ཡག་པོ་བྱུང་ཡོད།

ཁོང་གིས“ཡོང་འབབ་ག་ཚོད་འདུག”“སྲོལ་རྒྱུན་ལག་རྩལ་མི་དེ་བས་མང་བར་སྩོལ་འདོད་ཡོད་དམ”ཞེས་བཀའ་འདྲི་གནང་བཞིན་ལག་རྩལ་འགྲེམས་སྟོན་ལ་གཟིགས་པ་མ་ཟད།རྒྱལ་ཁ་ཐོབ་པའི་བདམས་ཐོན་པ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་དང་འབྲེལ་ཞིང་ལས་ཀྱི་ཁྱད་ལྡན་ཐོན་རྫས་ཀྱང་ཉོས་པ་རེད།

ཀྲོང་ཅིན་སུང་གིས་ད་ཐེངས་ཀྱི་འགྲེམས་ཚོགས་ཐོག“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོའི་གྲུབ་འབྲས་འགྲེམས་སྟོན་གང་ལེགས་བྱས་ནས་ཆབ་མདོའི་ཞིང་འབྲོག་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཐོན་ཁུངས་ཀྱི་ལེགས་ཆ་དང་ཐོན་ལས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ནས་སྤུས་རྟགས་སྔོག་འདོན་གཏིང་ཟབ་དང་སྐྱེད་སྲིང་བྱས་ཏེ། ཐོན་རྫས་ཕྱིར་འཚོང་དང་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་དགོས། བློ་བརྟན་འགྱུར་མེད་ངང་འགྲན་བསྡུར་བྱེད་སྒོར་སྐུལ་འདེད་བཏང་ནས་རང་རེའི་ཏང་གིས་མང་ཚོགས་སྒྲིག་འཛུགས་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་།མང་ཚོགས་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་མཐུན་སྒྲིལ་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་རྣམ་པ་སྲ་བརྟན་དུ་གཏོང་དགོས་ཞེས་གསུངས་ཡོད།

གྲོང་ཁྱེར་གྱི་འགོ་ཁྲིད་དངོས་གྲུབ་ཟླ་བ་དང་ཅཱ་ཤིན་ཡུས་བྱེད་སྒོར་ཞུགས་པ་རེད།