国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年08月18日

ཆབ་མདོ་གྲོང་ཁྱེར་གྱིས2026ལོའི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོའི་ཚན་རྩལ་ཁྱབ་གདལ་གྱི་སྒྲོག་འགྲེལ་བྱེད་སྒོ་དང་བྱང་ཆུབ་ལྷ་མོའི་སྐྱེ་ཁམས་སྲུང་སྐྱོང་གི་ལམ་བུའི་གཙོ་དོན་ཏང་གི་ཉིན་མོའི་བྱེད་སྒོ་སྒྲིག་འཛུགས་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ8པའི་ཚེས15ཉིན་ནི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོ་ཐེངས་བཞི་པ་ཡིན་པ་དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་》དུས་གཅིག་ཏུ་ལག་ལེན་བསྟར་རྒྱུ་ཡིན་པ་རེད། ཚེས14ཉིན་གྱི་ཕྱི་དྲོ། ཆབ་མདོ་གྲོང་ཁྱེར་གྱིས2026ལོའི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོའི་ཚན་རྩལ་ཁྱབ་གདལ་གྱི་སྒྲོག་འགྲེལ་བྱེད་སྒོ་དང་བྱང་ཆུབ་ལྷ་མོའི་སྐྱེ་ཁམས་སྲུང་སྐྱོང་གི་ལམ་བུའི་གཙོ་དོན་ཏང་གི་ཉིན་མོའི་བྱེད་སྒོ་སྒྲིག་འཛུགས་ཀྱིས་ཏང་འཛུགས་སྐྱོང་གི་བྱེད་སྒོའི་ཐོག་ནས་སྐྱེ་ཁམས་མིག་དཔེའི་སྙིང་སྟོབས་རྒྱུན་འཛིན་དང་། སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་རྒྱ་ཁྱབ་ངང་བརྒྱུད་བསྒྲགས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ནང་ཟུག་པར་སྐུལ་འདེད་བཏང་བ་རེད།

བྱེད་སྒོ་དེ་སྐྱེ་ཁམས་ཚན་རིག་ཁྱབ་གདལ་གྱི་འགྲེམས་སྟོན་ཆུང་ངུ་དང་། སྐྱེ་ཁམས་དངོས་བྲིས་ཀྱི་བརྙན་པར་འགྲེམས་སྟོན། ཡུལ་དངོས་ཀྱི་རིག་རྩལ་ལེ་ཚན་འཁྲབ་སྟོན། ཆེད་དོན་སྙན་ཞུའི་ཚོགས་འདུ་ཚོགས་པ་དང་དེ་བཞིན་སྒོ་བྱང་འགེལ་བའི་མཛད་སྒོ་གཉེར་བ་སོགས་བརྒྱུད་ནས། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོའི་དོན་སྙིང་གལ་ཆེན་འགྲེལ་བཤད་བརྒྱབ་པ་དང་། ཏང་འཛུགས་སྐྱོང་གིས་སྐྱེ་ཁམས་སྲུང་སྐྱོང་ལ་སྣེ་ཁྲིད་བྱེད་པའི་བྱེད་སྒོའི་དམིགས་ཡུལ་གསལ་བཤད་བྱས་ཏེ། སློབ་སྦྱོང་སློབ་གསོ་དང་ལག་ལེན་སྐུལ་སློང་མཉམ་འདྲེས་ཡག་པོ་ཐུབ་པ་མངོན་འགྱུར་བྱུང་ཡོད་པ་རེད།

བྱེད་སྒོའི་ནང་ཞུགས་མཁན་ཚོས་བྱང་ཆུབ་ལྷ་མོ་མིག་དཔེར་བྱས་ཏེ་ལས་གནས་ཐོག་རང་འགན་ལེགས་སྒྲུབ་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྐོར་སྲུང་དང་། ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་སོགས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་ནང་རང་འགུལ་ངང་ཞུགས་ཏེ། ལྗང་མདོག་སྲུང་སྐྱོང་གི་ཐོག་མའི་བསམ་འདུན་རྒྱུན་འཛིན་བྱས་ནས། ཐུན་མོང་ཐོག་ཕ་ཡུལ་གྱི་རི་སྔོ་ཆུ་དྭངས་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།