国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年08月18日

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2026ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་9པ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་8པའི་ཚེས་11ཉིན། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་2026ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་9པ་འཚོགས་པ་རེད། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཧྲུའུ་ཅི་ཀྲུའུ་རེན་ཆིས་དབྱིང་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་རེད།

ཆིས་དབྱིང་ཧའེ་ཡིས“མཐའ་འཁྱོངས་བཅུའི”ལྟེ་བའི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་དགོས་པ་དང་། དེ་ཡང་ཏང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པའི་རྩ་བའི་འགན་ལེན་ལ་མཐའ་འཁྱོངས་དང་། སྐྱེ་ཁམས་དར་ན་ཤེས་དཔལ་དར་བའི་ལོ་རྒྱུས་ཀྱི་འགན་འཁྲིར་མཐའ་འཁྱོངས། མི་དང་རང་བྱུང་ཞི་མཐུན་མཉམ་གནས་ཀྱི་གཞི་རྩའི་རྩ་དོན་ལ་མཐའ་འཁྱོངས། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ལ་མཐའ་འཁྱོངས། སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཀུན་ཕན་ཆེ་ཤོས་ཀྱི་དམངས་འཚོའི་བདེ་རྩ་ཡིན་པའི་དམིགས་ཡུལ་གྱི་བླང་བྱར་མཐའ་འཁྱོངས། ལྗང་མདོག་འཕེལ་རྒྱས་ནི་འཕེལ་རྒྱས་ལྟ་བའི་གཏིང་ཟབ་པའི་གསར་བརྗེ་ཡིན་པའི་འཐབ་ཇུས་ཐབས་ལམ་ལ་མཐའ་འཁྱོངས། རི་ཆུ་ནགས་ཞིང་མཚེའུ་རྩ་བྱེ་མ་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་བྱེད་པའི་ལྟ་བར་མཐའ་འཁྱོངས། ལམ་ལུགས་ནན་ཤོས་དང་ཁྲིམས་སྐྱོང་དམ་ཤོས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་ཁྲིམས་སྐྱོང་འགན་སྲུང་ལ་མཐའ་འཁྱོངས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་དེ་མི་དམངས་ཡོངས་ཀྱི་རང་རྟོགས་བྱ་སྤྱོད་དུ་འགྱུར་བར་བྱེད་པའི་མང་ཚོགས་ལམ་ཕྱོགས་ལ་མཐའ་འཁྱོངས། ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལམ་བུ་འཚོལ་བའི་རྒྱལ་ཁབ་ཆེན་པོའི་ཐེག་ཁུར་ལ་མཐའ་འཁྱོངས་བཅས་ཚུད་ཡོད་པ་དང་། ཁྲིམས་ལྟར་འགན་འཁྲི་བསྒྲུབ་རྒྱུ་མཐའ་འཁྱོངས་ཀྱིས། ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། ལྟ་སྐུལ་གྱི་ཕན་འབྲས་ཆེ་རུ་གཏོང་བ། འཐུས་མིའི་ནུས་པ་འདོན་སྤེལ་བྱེད་པ་བཅས་ཀྱི་ཐད་ཤུགས་བརྒྱབ་ནས་མཛེས་སྡུག་ལྡན་པའི་ཆབ་མདོ་འཛུགས་སྐྲུན་བྱ་ཆེད་མི་དམངས་འཐུས་ཚོགས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།