国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年08月18日

“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་སྐབས་གཉིས་པའི་དགོན་སྡེའི་བདག་གཉེར་ཨུ་ལྷན་གྱི་ལས་བྱེད་པ་དང་གྲྭ་བཙུན་ཚོས་མཉམ་དུ་གཏམ་རྒྱུད་བཤད་པའི་འགྲན་སྡུར་ལས་གྲོང་ཁྱེར་རིམ་པའི་མཐའ་བསྡུར་གཉེར་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ8ཚེས11ཉིན་གྱི་ཕྱི་དྲོ། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་སྐབས་གཉིས་པའི་དགོན་སྡེའི་བདག་གཉེར་ཨུ་ལྷན་གྱི་ལས་བྱེད་པ་དང་གྲྭ་བཙུན་ཚོས་མཉམ་དུ་གཏམ་རྒྱུད་བཤད་པའི་འགྲན་སྡུར་ལས་གྲོང་ཁྱེར་རིམ་པའི་མཐའ་བསྡུར་གཉེར་བ་རེད། གྲོང་ཁྱེར་ཡོངས་ཀྱི་དགོན་སྡེའི་བདག་གཉེར་ཨུ་ལྷན་གྱི་ལས་བྱེད་པ་དང་ཆོས་ལུགས་ཁྱབ་ཁོངས་གྲྭ་བཙུན་གྱི་འཐུས་ཚབ་རྣམ་པས་གསར་བརྗེའི་གཏམ་རྒྱུད་བཤད་དེ། བོད་ཤར་གྱི་དུས་རབས་གསར་པའི་མཛད་བཟང་ལ་བསྔགས་བརྗོད་ཕུལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ་ཧ་ཅང་འཁྲུག་ཆ་དོད་ལ། གྲོང་ཁྱེར་ཡོངས་ནས་ཕེབས་པའི་འགྲན་ཞུགས་རུ་ཁག12གིས་རིམ་པར་འཁྲབ་བཤད་གནང་བ་དང་། འགྲན་སྡུར་ནང་ཞུགས་མཁན་དགོན་སྡེའི་བདག་གཉེར་ཨུ་ལྷན་གྱི་ལས་བྱེད་པ་དང་དགོན་པའི་གྲྭ་བཙུན་རྣམས་ཡོད་པ་རེད། ཚང་མས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པ་དང“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་དེ། མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེ་ཚན་གསར་པ་རྩོམ་དགོས”ཞེས་པའི་བརྗོད་བྱ་ཆེན་པོ་གཉིས་ལ་གཞིགས་ནས《མི་རིགས་མཐུན་སྒྲིལ་ཡར་ཐོན་སྐོར་གྱི་གཏམ་རྒྱུད》སོགས་མི་སེམས་འགུལ་བའི་གཏམ་རྒྱུད་ཅི་དགར་གླེང་བ་རེད། འགྲན་ཞུགས་པ་ཚོས་ལྷད་མེད་དྭངས་གཙང་གི་བརྩེ་སེམས་རབ་ཏུ་བསྐྱེད་དེ། བརྗོད་བྱ་དང་མཐུན་པའི་རོལ་དབྱངས་གྲོགས་སུ་བསྟེན་ནས། བོད་ཤར་འཛིན་མའི་ཁྱོན་གྱི་སྔར་བྱུང་གི་གསར་བརྗེའི་གཏམ་རྒྱུད་དང་མཐུན་སྒྲིལ་གྱི་གཏམ་སྙན་མཐའ་དག་བབ་ཆགས་ལ་ཉམས་དགའ་བའི་ལུས་ངག་གི་རྣམ་འགྱུར་ལ་བརྒྱུས་ཏེ་ལྷུག་པོར་གླེང་བས། གཤམ་འོག་གི་ལྟད་མོ་བ་ཐམས་ཅད་རང་དབང་མེད་པར་དགའ་བའི་ཐལ་སྒྲ་བར་མེད་དུ་ཤོར་བ་རེད།

མཐའ་མཇུག་ལ་སྨར་ཁམས་རྫོང་གི་འགྲན་ཞུགས་པ་ལ་ཨང་དང་པོ་ཐོབ་པ་དང་། རི་བོ་ཆེ་རྫོང་གི་འགྲན་ཞུགས་པ་ལ་ཨང་གཉིས་པ་དང་བྲག་གཡབ་རྫོང་གི་འགྲན་ཞུགས་པ་ལ་ཨང་གསུམ་པ་ཐོབ་པ་རེད།