འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་8པའི་ཚེས་11ཉིན། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་སྐབས་གཉིས་པའི་དེང་རབས་ལག་རྩལ(ཟོག་འདྲེན་རླངས་འཁོར་གཏོང་བ་དང་ཉམས་བཟོ་)འགྲན་བསྡུར་གྱི་གྲོང་ཁྱེར་རིམ་པའི་མཐའ་བསྡུར་མཇུག་བསྒྲིལ་བ་སྟེ། རྫོང(ཆུས)11ནས་ཡོང་བའི་བདམས་ཐོན་པ་ཚོས་གར་སྟེགས་ཐོག་ལག་རྩལ་འགྲན་བསྡུར་བྱས་པས། ལས་རིགས་དཔུང་ཁག་གི་ལས་སྒྲུབ་ལས་གཏོད་དང་རྩལ་ནུས་ལ་བརྩོན་ཞིབ་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད་པ་རེད།
འགྲན་རའི་ཐོག་འགྲན་ཞུགས་པ་ཚོ་སྙིང་སྟོབས་རབ་ཏུ་འཕེལ་བ་དང་། རླངས་འཁོར་གཏོང་བའི་ལག་རྩལ་བྱང་ཆུབ་པ་དང་། ཞིབ་བཤེར་ཉམས་བཟོའི་ལྷུ་ཚིགས་སུ་ཡིད་རྣལ་དུ་ཕབ་ནས་རླངས་འཁོར་གྱི་སྐྱོན་ཆུང་ངུ་ལ་གྲལ་བཤེར་གནད་སྨིན་དང་། ཞིབ་བཤེར་ཉམས་བཟོའི་ལས་དོན་ནུས་ཆེའི་ངང་ལེགས་སྒྲུབ་བྱས་ནས། འཐབ་ས་དང་པོའི་ཟོག་འདྲེན་པས་ཉིན་རེ་བཞིན་གསོག་འཇོག་བྱས་པའི་རྨང་གཞི་བརྟན་པོ་དང་ཡག་ཐོག་ཡག་བརྩེགས་ཀྱི་བཟོ་བོའི་སྙིང་སྟོབས་གང་ལེགས་མངོན་པར་བྱས་ཡོད།
འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད། བྲག་གཡབ་རྫོང་ནས་ཡིན་པའི་ནོར་བུ་རྒྱལ་མཚན་ལ་ཉམས་སད་ཐེག་ཐུབ་པའི་ལག་རྩལ་ཡོད་པར་བརྟེན་བྱ་དགའ་ཨང་དང་པོ་ཐོབ་པ་དང་། དཔལ་འབར་རྫོང་གི་སྐལ་བཟང་རྡོ་རྗེ་དང་རི་བོ་ཆེ་རྫོང་གི་འཆི་མེད་ཆོས་དབྱངས་ལ་ཁག་སོ་སོར་བྱ་དགའ་ཨང་གཉིས་པ་དང་གསུམ་པ་ཐོབ་ཡོད།

