国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年08月18日

ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་ཏང་ཙུའི་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་8པའི་ཚེས་14ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་ཏང་ཙུའུ་ཡི་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས། ཞི་ཅིན་ཕིང་གི་རིག་གནས་དགོངས་པར་ཆེད་མངགས་སློབ་སྦྱོང་བྱས་ཏེ་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་བ་རེད།

ལའོ་ཆིན་འུའུ་ཡིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་སྲོག་ཤིང་གི་དོན་གནད་ལ་གོ་བ་གཏིང་ཟབ་ལེན་དགོས་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་གཙོ་རྐང་བརྟན་དུ་གཏོང་བ་དང་། རིག་གནས་དང་ཆབ་སྲིད་ཀྱི་ངོ་བོ་ཁོང་དུ་ཆུད་པ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བཅས་བྱས་ཏེ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ནས། “མོས་སེམས་ལྔ”རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས། ས་གནས་དེ་གའི་རིག་གནས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ནས། ཁམས་པའི་རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ཏེ། “དམར་མདངས་ཆབ་མདོའི”ཁྱད་ལྡན་མིང་བྱང་གཏོད་དགོས།

རིག་གནས་དུས་རབས་ཀྱི་རིན་ཐང་སྔོག་འདོན་གཏིང་ཟབ་ལེན་དགོས་ཤིང་། རིག་གནས་ལ་བརྟེན་ནས་ཡུལ་སྐོར་གཏོད་པ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པ་བྱ་རྒྱུ་མཐའ་འཁྱོངས་དང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་རིག་གནས་ཐོན་ཁུངས་དེ་ཐོན་ལས་ཀྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བ་བྱ་དགོས། ས་ཁོངས་ཀྱི་རིག་གནས་ལག་ལེན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ལོ་རྒྱུས་ལ་བརྩི་འཇོག དོན་དངོས་ལ་གཞི་ཚུགས་པ། ཕུགས་ཕན་ལ་འཆར་འགོད་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རིག་གནས་སྲུང་སྐྱོང་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ཀྱི་ལས་དོན་ཁག་གཅིག་གྱུར་འཆར་འགོད་བྱེད་དགོས། རིག་གནས་འཛུགས་སྐྱོང་གི་ལས་འགན་ལ་དམ་འཛིན་ཏན་ཏིག་བྱེད་པ་དང་། རྩ་འཛུགས་ཀྱི་འགན་ལེན་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། འཁོར་སྐྱོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རིག་གནས་ཁྱབ་ཁོངས་ཀྱི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རིག་གནས་ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་གཏོང་བ། གཞི་རིམ་གྱི་རིག་རྩལ་རྐང་འཛིན་པ་སྐྱེད་སྲིང་བཅས་བྱས་ཏེ། དངོས་སྒྲུབ་ཀྱི་བྱ་ཐབས་ལ་བརྟེན་ནས་དུས་རབས་གསར་པའི་ཆབ་མདོའི་རིག་གནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་བརྩམ་དགོས་པའི་ནན་བཤད་གནང་བ་རེད།

གྲོང་ཁྱེར་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་ཚོགས་འདུར་ཞུགས་པ་དང་། ཁོངས་མི་ཁག་གཅིག་གིས་སྤེལ་རེས་གཏམ་བཤད་གནང་བ་རེད།