国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年08月14日

ཀྲོང་ཅིན་སུང་གིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ8ཚེས10ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། ལག་བསྟར་དོན་འཁྱོལ་གྱི་ལས་དོན་ལ་ཞིབ་འཇུག་གནང་བ་རེད།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་དག་ནི་དུས་བབ་ཕྱག་གཟིགས་དང་དགོངས་པ་གཏིང་ཟབ་པས། ང་ཚོ་ལ་སྤུས་དག་གོང་འཕེལ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་ཇི་ལྟ་བཞིན་དུ་སྦྱོང་དགོས་པ་དང་བློ་ཐག་རྦད་ཆོད་ཀྱིས་སྒྲུབ་དགོས་ལ། གཡུར་ཟའི་གྲུབ་འབྲས་ཀྱི་ཐོག་ནས“ཆབ་མདོ་ནི་བོད་དུ་སྐར་ལྔའི་དར་དམར་སྒྲེང་ཡུལ་ཐོག་མ”ཡིན་པའི་གཟི་བརྗིད་དང་མཚན་སྙན་གཅེས་པར་བསྲུང་དགོས་ཅེས་བསྟན། ཚོགས་འདུའི་ཐོག་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གཟིགས་ཞིབ་དང་ཀྲུང་དབྱང་གི་བདེ་འཇགས་ཐོན་སྐྱེད་ཀྱི་དཔྱད་ཞིབ་སྐོར་དཔྱོད་ལས་ལན་སྤྲོད་གནང་བའི་གནད་དོན་དག་ཐེར་དང་རུལ་སུངས་མཉམ་བཅོས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བསྐྱེད་པ་དང་ལག་ལེན་སྐོར་གྱི་སློབ་སྦྱོང་སློབ་གསོ། ལོ་སྟོད་དུ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་དང་གྲོང་ཁྱེར་རྟོག་ཞིབ་མཉམ་བཅོས་སོགས་ཀྱི་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུ་གསན་ཞིང་།དག་ཐེར་ཆད་ལུས་མེད་པར་བྱས་ཏེ། གནད་དོན་གྱི་དཔེ་ངན་རྣམས་དྲང་ཕྱོགས་ཀྱི་དཔེ་མཚོན་དུ་བསྒྱུར་ནས། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་དང་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་བརྟན་པོར་བསྲུང་དགོས་པ་དང་། སློབ་སྦྱོང་སློབ་གསོའི་ཕན་འབྲས་སྲ་བརྟན་དུ་བཏང་ནས། གོ་འཕེར་བའི་ལམ་ལུགས་ཀྱི་གྲུབ་འབྲས་ཐོན་དགོས་པ་དང་།“རྣམ་གྲངས་གཙོ་བོར་འཛིན་པའི”འདུ་ཤེས་བརྟན་པོར་བསྐྱེད་དེ་རྣམ་གྲངས་ཤུགས་ཆེར་འཛིན་པ་དང་རྣམ་གྲངས་ཆེན་པོར་འཛིན་དགོས་པ་དང་། གྲོང་ཁྱེར་གསར་སྒྱུར་གྱི་བྱ་སྤྱོད་ལ་སྐུལ་སྤེལ་བཏང་ནས། ས་མཐོའི་གྲོང་ཁྱེར་བཅོས་སྐྱོང་གི་ཚད་ཤིང་འཛུགས་དགོས་པའི་ནན་བཤད་གནང་ཡོད། ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་དང་ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་དོན་ཚོགས་འདུ་སོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་།ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་དང་།ཡིད་ཆེས་བརྟན་ལ་ངར་ཤུགས་ཆེར་སྐྱེད་ཀྱིས“ལོ་ལྔ་ཚན་བཅོ་ལྔ་པའི”དམིགས་ཚད་ཀྱི་བྱ་ཐབས་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་།“ལས་ཁུངས་བཞིའི”ངེས་གནས་ཀྱི་བླང་བྱ་གདེང་ཐོབ་པར་བྱས་ཏེ།ཚན་པ་ལེགས་འཛུགས་དང་དཔུང་ཁག་ལེགས་ཁྲིད་ཀྱིས་ཆབ་མདོའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་སླར་ཡང་རྣམ་པ་གསར་དུ་གཏོད་པར་སྐུལ་འདེད་བཏང་ནས། ཡུན་རིང་བདེ་འཁོད་དང་སྤུས་དག་གོང་འཕེལ་གྱི་དཔེ་སྟོན་སྣེ་ཁྲིད་གྲོང་ཁྱེར་འཛུགས་སྐྲུན་གང་ཐུབ་གནང་དགོས་པའི་ནན་བཤད་གནང་ཡོད།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་གནང་བ་རེད།