国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年08月14日

“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་སྐབས་གཉིས་པའི་དེང་རབས་ལག་རྩལ(ཞིང་འཕྲུལ་བེད་སྤྱོད་དང་ཉམས་བཟོ། སྔོག་འཕྲུལ་བཀོལ་སྤྱོད་དང་ཉམས་བཟོ་)འགྲན་བསྡུར་གྱི་གྲོང་ཁྱེར་རིམ་པའི་མཐའ་བསྡུར་བྱས་པ།

འགྲན་ཞུགས་པ་ཞིང་ཕྲུལ་བེད་སྤྱོད་ཀྱི་རྩལ་ནུས་འགྲན་སྡུར་ནང་ཞུགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་8པའི་ཚེས་10ཉིན།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་སྐབས་གཉིས་པའི་དེང་རབས་ལག་རྩལ་འགྲན་བསྡུར་གྱི་གྲོང་ཁྱེར་རིམ་པའི་མཐའ་བསྡུར་གྱི་ཞིང་འཕྲུལ་བེད་སྤྱོད་དང་ཉམས་བཟོ།སྔོག་འཕྲུལ་བཀོལ་སྤྱོད་དང་ཉམས་བཟོའི་འགྲན་བསྡུར་ཚ་ཚ་འུར་འུར་ངང་འགོ་ཚུགས་པ་རེད།རྫོང(ཆུས)11ནས་ཡོང་བའི་ཞིང་འཕྲུལ་དང་སྔོག་འཕྲུལ་བཀོལ་སྤྱོད་མཁས་པའི་མི་22ཀྱིས་ལག་རྩལ་འགྲན་བསྡུར་ཁྲོད་དུ་ལག་ཤེས་པའི་ཡག་ཐོག་ཡག་བརྩེགས་བྱེད་པའི་སྙིང་སྟོབས་ལེགས་པོར་མངོན་ཡོད།

འགྲན་བསྡུར་ནང་ཞིང་འཕྲུལ་བེད་སྤྱོད་དང་ཉམས་བཟོ། སྔོག་འཕྲུལ་བཀོལ་སྤྱོད་དང་ཉམས་བཟོ་ཞེས་པའི་འགྲན་བསྡུར་ཁག་གཉིས་བགོས་ཡོད་པ་དང་། ཁག་གཉིས་ཀ་ཆེད་སྤྱོད་སྒྲིག་ཆས་རྐྱང་པའི་རྩལ་འགྲན་ཡིན་པ་དང་བདམས་ཐོན་པ་11གིས་རེས་མོས་ངང་འགྲན་བསྡུར་བྱས་ཏེ། བརྒྱུད་རིམ་ཧྲིལ་པོར་ལག་རྩལ་དང་སྟོབས་ཤུགས་ལ་བརྟེན་ནས་དྲང་གཞག་ངང་འགྲན་བསྡུར་བྱས་པ་རེད།

ཐོག་མར་ཞིང་འཕྲུལ་བཀོལ་སྤྱོད་དང་ཉམས་བཟོའི་རྣམ་གྲངས་འགྲན་བསྡུར་སྤེལ་བ་རེད།འགྲན་བསྡུར་ནང་བདམས་ཐོན་པས་འགྱིག་འཁོར་དང་། བཀག་གཏོང་།ཐོང་གཤོལ་སོགས་འགག་རྩའི་སྒྲིག་ཆས་དག་སྤྱོད་འགོ་མ་ཚུགས་གོང་དུ་བདེ་འཇགས་ཐད་ཞིབ་བཤེར་ཞིབ་ཚགས་བྱས་པ་རེད།དངོས་སྤྱོད་ལྷུ་ཚིགས་སུ་བདམས་ཐོན་པ་ཚོས་ཞིང་འཕྲུལ་བཏང་ནས་ལས་ཀ་བརྟན་པོ་བྱེད་པ་དང་།ཞིང་ཁ་རྨོ་བའི་གཏིང་ཚད་དང་ཞེང་ཚད་གཉིས་ཚོད་འཛིན་གནད་སྨིན་ཡོང་བར་བྱེད་པ། ཞིང་ཁ་ཁོད་སྙོམས་པོར་རྨོ་བ།རྨོ་བསྐྱུར་མི་བྱེད་པ། ཡང་བསྐྱར་མི་རྨོ་བ།ཞིང་ཁ་རྨོ་བའི་ཆུ་ཚད་གསལ་པོར་མངོན་པ་བཅས་བྱས་པ་རེད།ཆུ་ཚོད་ལྔ་ཙམ་རིང་འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད།མཐར་སྨར་ཁམས་རྫོང་ནས་ཡོང་བའི་རྒྱལ་བསོད་ལ་བྱ་དགའ་ཨང་དང་པོ་ཐོབ་ཡོད།

དེ་རྗེས་སྔོག་འཕྲུལ་བཀོལ་སྤྱོད་དང་ཉམས་བཟོའི་རྣམ་གྲངས་འགྲན་བསྡུར་སྤེལ་བ་རེད།བདམས་ཐོན་པ་ཁ་ལོ་བ་སྡོད་སར་བཞུགས་ཏེ་འབོ་ཁྱེམ་གྱིས་སོ་ཕག་རྐོ་བ་དང་། ཁ་ཕྱོགས་དལ་བུར་སྐོར་བ། གནས་ཐིག་ལྟ་བ། གཅིག་གི་ཐོག་ཏུ་གཅིག་རྩེག་པ་བཅས་བྱས་པ་རེད། ཁ་ཤས་ཀྱིས་ལས་ཐེངས་གཅིག་གིས་སོ་ཕག་ལྔ་མཉམ་དུ་བསྒྲིགས་ཐུབ་པ་དང་།ཁ་ཤས་ཀྱིས་སྒྲིག་ལུགས་ཡག་པོ་མ་བྱུང་བའི་རྐྱེན་པས་ཡང་བསྐྱར་སྒྲིག་དགོས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད། དེ་རྗེས་ཀྱི་འགག་སྒྲོལ་ལྷུ་ཚིགས་སུ་འགྲན་ཞུགས་པའི་རྨང་གཞི་དེ་བས་མངོན་གསལ་དོད་པོ་མངོན་ཐུབ་པ་བྱུང་ཡོད། བདམས་ཐོན་པས་འཕྲུལ་ཆས་ལེགས་སྒྲིག་བྱེད་པ་དང་། སྔོག་འཕྲུལ་གྱི་འབོ་ཁྱེམ་གང་ལ་དེ་འཚམ་ངང་སྤྱད་དེ།གུ་དོག་པའི་བར་མཐོངས་ནས་ཉམས་སད་ཐེག་ཐུབ་པའི་འཇོན་ཐང་མངོན་པ་རེད།མཇུག་མཐར་ལྷོ་རོང་རྫོང་ནས་ཡིན་པའི་བློ་བཟང་གྲགས་པར་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ་ཡོད།

མང་ཚོགས་དང་འབྲེལ་འདྲིས་ཆེ་བའི་ལག་རྩལ་འགྲན་བསྡུར་འདི་ལས། ས་གནས་དེ་གའི་ལག་ཤེས་པའི་ཉམས་འགྱུར་མངོན་ཡོད། འགྲན་བསྡུར་ནང་། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ལས་སྟེགས་བསྐྲུན་པ་མ་ཟད། ཆབ་མདོའི་ལག་རྩལ་ཤེས་ལྡན་པའི་དཀའ་སྤྱད་སྦྱོང་བརྡར་དང་ཡག་ཐོག་ཡག་བརྩེགས་ཀྱི་དཔའ་ཉམས་མངོན་ནས་གྲོང་གསེབ་དར་རྒྱས་ལ་ཤེས་ལྡན་པའི་སྒུལ་ཤུགས་ཏན་ཏིག་བསྣན་ཡོད།