国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年08月11日

ནགས་སྲུང་པ་ཚོས་རི་སྔོན་པོ་གསེར་རིར་བསྒྱུར་བ།

ཆབ་མདོའི་དབྱར་ཁར་བོད་ཤར་གྱི་ས་ཆེན་ཐོག་མི20ལྷག་ལས་གྲུབ་པའི་ས་གནས་ཀྱི་ནགས་སྲུང་རུ་ཁག་ཅིག་ཡོད། དེའི་ཁྲོད་ནགས་སྲུང་པ་བློ་བཟང་ཡེ་ཤེས་ཀྱིས་ལོ་ངོ་སོ་བདུན་རིང་ལ་འཕྲུལ་རྟར་བཞོན་ནས་སྤྱི་ལེ32ལ་ནགས་སྲུང་སྐོར་གཡེང་བྱས་ཏེ་སྟོངས་ལ་ཉེ་བའི་གཟིག་དང་། གཡི། གནའ་བཅས་ནགས་ཁྲོད་དུ་ཕྱིར་ལོག་ནས་རི་སྔོ་ཆུ་དྭངས་དེ་ཉིད་ཕ་ཡུལ་གྱི་མི་སེར་ཚོའི་འབབ་འཕར་ཕྱུག་འགྱུར་གྱི་གདེང་ཚོད་དུ་གྱུར་ཡོད་པ་རེད།

སྐོར་གཡེང་།

ཞོགས་པའི་ཆུ་ཚོད་དགུ་པའི་ཐོག་རི་སྟེང་གི་སྨུག་པ་ད་དུང་དྭངས་མེད་ཅིང་། བློ་བཟང་ཡེ་ཤེས་དང་བཅས་པས་ཁ་རས་དང་ལག་ཤུབས་གྱོན་ཞིང་ཁུག་མའི་ནང་སྟབས་བདེའི་ཟ་མ་ཞིག་བསྣམས་ཏེ། “མི་གཉིས་ཚོགས་ཆུང་རེར་བྱས་ནས་ཉིན་རེར་རི་ལ་སྐོར་གཡེང་ཐེངས་གསུམ་བྱེད་དགོས་པ་དང་ཆེས་མགྱོགས་ན་ས་སྲོས་ཀྱི་ཆུ་ཚོད་དྲུག་པའི་ཐོག་རི་སྟེང་དུ་འབབ་ཀྱིན་ཡོད”ཁོས་འཕྲུལ་རྟའི་སྣུམ་སྒམ་ཐོག་ལག་པས་རེག་ཞོར་དུ་སྣུམ་རིན་ཡང་སྲིད་གཞུང་གི་གཅིག་གྱུར་ཁ་གསབ་ཡོད་པའི་ཁར། ཟླ་རེར་བདག་སྲུང་དངུལ1800ཡོད་པ་དེ་མང་པོ་མེད་ཀྱང་ཁྱིམ་སྤྱོད་ཁ་གསབ་བརྟན་པོ་ཡོད།

ས་མཐོའི་ནགས་ཁུལ་གྱི་མེ་ཟོན་བྱ་རྒྱུ་ནི་དོན་ཆེན་ཞིག་ཡིན། རི་སྟེང་གི་རྒྱུ་ལམ་ཕྱོགས་གཅིག་ནི་གནའ་བོའི་སྟར་བུ་དང་ཕྱོགས་གཞན་ཞིག་ནི་འདམ་ར་ཡིན་པས། གད་སྙིགས་སྒྲུག་པ་དང་། མེ་སྐྱོན་གྲལ་བཤེར། སྟར་བའི་སྐྱེ་ཚུལ་བརྟག་པ། རི་སྐྱེས་སྲོག་ཆགས་ཀྱི་རྐང་རྗེས་འཚོལ་བ་སོགས་ལས་ཀ་གང་ཡིན་ཡང་ཕྱིར་བཤོལ་ཅུང་ཙམ་བྱེད་རྒྱུ་མེད་པ་རེད། ནགས་སྲུང་པ་འདི་དག་ནི་སྤྱི་གླིང་ཤང་ནས་ཡོང་ཏེ་རང་ས་སྲུང་ཞིང་རང་ཡུལ་སྐྱོང་ཡོད་པ་རེད།

འཕོ་འགྱུར།

ལོ་ངོ་སོ་བདུན་རིང་བློ་བཟང་ཡེ་ཤེས་ཀྱིས་རི་དང་ནགས་ཚལ་གྱི་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕོ་འགྱུར་ལ་བདེན་དཔང་བྱས་ཡོད།“སྔོན་ཆད་ཉིན་གཅིག་ལ་སོང་ཡང་སྲོག་ཆགས་མཐོང་དཀོན་པོ་རེད། ད་ཆ་སྐབས་རེར་རི་ལ་བསྐྱོད་ན་གང་སར་མཐོང་རྒྱུ་འདུག”རི་སྐྱེས་སྲོག་ཆགས་ཁྱིམ་གཞིས་སུ་ཕྱིར་ལོག་པ་དེས་བློ་བཟང་ཡེ་ཤེས་དགའ་ཚོར་ཆེན་པོ་བྱུང་ཡོད།

སྒྲིག་གཞི།

ཟླ7པའི་ཚེས16ཉིན། ཆབ་མདོས《དཔལ་འབར་རྫོང་སྟར་བུ་སྲུང་སྐྱོབ་དང་འཕེལ་རྒྱས་སྤྱི་བསྒྲགས》ཅེས་པ་དངོས་སུ་ཁྱབ་བསྒྲགས་བྱས་པ་དེས་གཅིག་སྡུད་ཐོག་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་གནའ་བོའི་སྟར་བུའི་སྲུང་སྐྱོང་ཕན་འབྲས་དང་མཐོ་སྒང་གི་སྐྱེ་ཁམས་བཅོས་སྐྱོང་ལག་ལེན་ཉམས་མྱོང་མངོན་ཡོད། གནའ་བོའི་སྟར་བུ་སྲུང་སྐྱོང་རྫོང་ཁོངས་སྐྱེ་ཁམས་བདེ་འཇགས་དང་དམངས་འཚོ་འཕེལ་རྒྱས། དུས་གཏན་འཕེལ་རྒྱས་རིགས་ཆེན་པོ་རྨང་ཐིག་གསུམ་ནང་བཞག“སྲུང་སྐྱོང་སྔོན་འགྲོ་དང་ནན་གྱིས་དོ་དམ་ཚོད་འཛིན། ཚན་རིག་དང་མཐུན་པའི་སླར་གསོ། དུས་གཏན་བེད་སྤྱོད”ཀྱི་བཅོས་སྐྱོང་རྩ་དོན་གཏན་ཁེལ་བྱས་ཤིང་། ལམ་ལུགས་ཅན་གྱི་ཐབས་ལམ་གྱིས་སྐྱེ་ཁམས་ཐོན་ཁུངས་རྩ་ཆེན་སྲུང་བ་རེད།

ཕྱུག་འགྱུར།

ས་གནས་དེ་གས་ཐོག་མཐའ་བར་གསུམ་དུ“སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོ་འཇོག་པ་དང་།ཚད་དང་མཐུན་པའི་སྒོ་ནས་གསར་སྤེལ་བཀོལ་སྤྱོད་བྱེད་པ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ།དུས་ཐུང་གི་ཁེ་ཕན་བསམ་ནས་རི་སྐྱེས་ཁོར་ཡུག་ལ་གཏོར་བརླག་བྱེད་པ་གཏན་འགོག་བྱེད་དགོས་ལ།འདམ་ར་དང་།འཁྱགས་རོམ།ལོ་ངོ་སྟོང་གི་སྟར་བུའི་ཐོན་ཁུངས་ལ་བརྟེན་ནས་ཁྱད་པར་ཅན་གྱི་རིག་གནས་ཡུལ་སྐོར་གཏོད་དགོས།

ཤར་གངས་ལའི་ཕུག་ལམ་ཤར་གཏོང་ཐུབ་པ་དེས་ཡུལ་སྐོར་ལྗོངས་རྒྱུ་དང་། ཞིབ་འཇུག་སློབ་སྦྱོང་།པར་རྒྱག་ཡུལ་སྐོར་བ་བཅས་ལོ་རེར་བཞིན་མང་དུ་སོང་ཞིང་།འཇོང་ལྷ་མཚོ་བརླན་ས་སྤྱི་གླིང་དུ་ཡུལ་སྐོར་ཡོང་འབབ་ཁྱོན་སྒོར་ཁྲི800ལྷག་ཟིན་ཡོད། ནགས་སྲུང་བ་མི་ཉུང་ཞིག་གི་ཁྱིམ་མིས་དུས་བབ་དང་བསྟུན་ནས་ཞིང་ཁྱིམ་སྤྲོ་སྐྱིད་གླིང་དང་།ཁྱད་ལྡན་ཟ་ཁང་གཉེར་བ་དང་། མང་ཚོགས་ཀྱིས་རང་འགུལ་གྱིས་རིག་གནས་ཡུལ་སྐོར་གྱི་ཚོང་གཉེར་ནང་ཞུགས་ཏེ་དོན་དངོས་ཐོག་ནས“ཡུལ་སྐོར་བ་སྡོད་དུ་འཇུག་པ་དང་།གྲོང་གསེབ་ཏུ་འཛད་སྤྱོད་བྱེད་པ། མི་སེར་ལ་ཁེ་ཕན་ཐོབ་པ”བཅས་མངོན་འགྱུར་བྱུང་ཡོད།