འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ8ཚེས8ཉིན། ཆབ་མདོ་གྲོང་ཁྱེར་གྱི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་འགྲན་སྡུར་བྱེད་སྒོ་སྐབས་གཉིས་པའི་དེང་རབས་ལག་རྩལ་འགྲན་སྡུར་ལས་རྒྱུན་མཁོའི་མེ་ཟོན་སྒྲིག་ཆས་བཀོལ་སྤྱོད་ཀྱི་འགྲན་སྡུར་ཇ་རྟའི་ཐང་ཆེན་དུ་གཉེར་བ་རེད། རྫོང་ཆུས11ནས་ཡོང་བའི་འགྲན་ཞུགས་པ་ཚོ་གདན་སྐོར་གཅིག་ཏུ་འཛོམས་ནས་མེ་ཟོན་གྱི་རྩལ་ནུས་སུ་མཁས་ཚད་པ་རེད།
འགྲན་སྡུར་ཐོག་ཞིང་འབྲོག་ཁུལ་གྱི་དངོས་ཡོད་ལ་གཞིགས་ནས། ནམ་རྒྱུན་སྤྱོད་སྒོ་ཆེ་བའི་མེ་ཟོན་གྱི་རྩལ་ནུས་སྐོར་ནས་རྣམ་གྲངས་བཀོད་སྒྲིག་བཟོས་ཡོད་དེ། ལག་ཐོགས་མེ་གསོད་ཡོ་ཆས་ཀྱིས་མེ་གསོད་སྟངས་དང་ཁང་པའི་ནང་གི་མེ་ཟོན་ཆུ་སྒམ་གྱི་ཆུ་འཐེན་སྤྱོད་ལུགས་དང་མེ་ཁེབས་ཀྱིས་མེ་གསོད་སྟངས་སོགས་གོ་སྒྲིག་བྱས་ཡོད། འགྲན་སྡུར་བྱ་རྒྱུ་རྣམས་སྟབས་བདེ་ལ་གྲོང་སྡེའི་དོན་དངོས་དང་ཤིན་ཏུ་འཚམ་པས་མང་ཚོགས་ཚོས་སྦྱངས་ན་ཤེས་ཐུབ་པ་དང་ནམ་རྒྱུན་སྤྱོད་སྒོ་ཡོད་པ། མེ་སྐྱོན་མྱུར་དུ་སེལ་ཐུབ་པའི་ཕན་འབྲས་ལེགས་པར་ཐོན་ཡོད།
ཡུལ་དངོས་སུ་འཁྲུག་ཆ་དོད་ལ་འགྲན་ཞུགས་པ་ཚོས་འཚུབ་མེད་འཕྱུགས་མེད་ངང་ནས་མེ་གསོད་ཡོ་ཆས་ཀྱི་ཁ་ཕྱེ་བ་དང་མེ་ལ་ཚད་པ། སྐམ་པ་མནན་པ་སོགས་བཀོལ་སྤྱོད་ཡང་དག་པ་བྱུང་ཡོད་ལ། ཆུ་འཐེན་འདྲེན་པ་དང་སྣེ་མཐུད་པ། ཆུ་སྒོ་གློད་པ་སོགས་མེ་གསོད་ཀྱི་ཆུ་སྒམ་ནས་ཆུ་གཏོང་བའི་གོ་རིམ་འཕྱུགས་པ་མེད་བྱུང་ཡོད།
འགྲན་སྡུར་བྱས་པ་བརྒྱུད། ཁ་རུབ་ཆུས་ཀྱི་འགྲན་ཞུགས་པ་ཚེ་རིང་བཀྲ་ཤིས་ལ་ཨང་དང་པོ་ཐོབ་པ་རེད།

